འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་པས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་རེད། གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཆིས་ཡན་ཧུའེ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད།
ཚོགས་འདུར་ཞུགས་དགོས་པའི་མི་39དང་། དངོས་སུ་འབྱོར་བའི་མི32ཡོད་པས། གཏན་འཁེལ་གྱི་མི་གྲངས་དང་མཐུན་ཡོད་པ་རེད།
གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བློ་བཟང་ཡི་ཤེས་དང་། བསོད་ནམས་དར་རྒྱས། ཡེ་ཤེས་ཆོས་འཕེལ། དེ་བཞིན་གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཝུའུ་དབྱིང་ཧུའེ་བཅས་ཚོགས་འདུ་ཞུགས་ཡོད།
ཚོགས་འདུའི་ཐོག་ཚེ་ཐར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མིའི་གོ་གནས་མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན་དང་། ཀའོ་ཞུའེ་ཝུན་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མིའི་གོ་གནས་ནས་གོ་གནས་ནས་དགོངས་པ་ཞུ་བའི་རེ་འདུན་དང་ལེན་བྱ་རྒྱུའི་སྐོར་གྱི་ཆོད་དོན། སྒྲོལ་དཀར་གྱི་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲེ་ཀྲང་གཞོན་པའི་གོ་གནས་ནས་དགོངས་པ་ཞུ་བའི་རེ་འདུན་དང་ལེན་བྱ་རྒྱུའི་སྐོར་གྱི་ཆོད་དོན། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པ་འཚོག་རྒྱུའི་སྐོར་གྱི་གཏན་འབེབས་དང་མི་དོན་བསྐོ་གཞག་གི་དོན་ཚན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ཡོད།
ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། ཚེས་24ཉིན་གྱི་སྔ་དྲོར། ཚོགས་ཆུང་བགོས་ནས་གྲོས་ཞིབ་བྱས་པ་དང་། ཚེས་24ཉིན་གྱི་ཕྱི་དྲོར། ཆི་དབྱིན་ཧའེ་ཡིས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་ང་ལྔ་པ་གཙོ་སྐྱོང་བྱས་ནས་ཚོགས་འདུའི་ཐོག་བརྡས་ཐག་གཅོད་རྒྱུར་ཕུལ་བའི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་བྱས་པ་རེད།
(དཔལ་ཐར་རྒྱལ་གྱིས་བསྒྱུར)