འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12ཚེས24ཉིན་གྱི་ཕྱི་དྲོར། གྲོང་ཨུད་ཀྱིས་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པ་དང་གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་ཏང་ཡོན་འཐུས་མི་དང་ཨུ་ཡོན་བཅས་སྒྲིག་འཛུགས་བྱས་ནས་ཚོགས་འདུ་འཚོགས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཏང་ཡོན་གྱི་འཐུས་མི་དང་ཨུ་ཡོན་ཚོས་ཏང་གི་ཆབ་སྲིད་ཀྱི་དགེ་མཚན་དང་། རྩ་འཛུགས་ཀྱི་དགེ་མཚན། ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཚོགས་ཞུགས་འཐུས་མི་དང་ཨུ་ཡོན་གཞན་དག་དང་མཐུན་པའི་ལག་གདང་གཅིག་ཏུ་སྒྲིལ་ནས་སྟོབས་ཤུགས་གཅིག་འགྲིལ་དང་འགན་འཁྲི་ཕྲག་སྒྲུབ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི“ཚོགས་འདུ་གཉིས”རྒྱལ་ཁའི་ངང་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།
ལའོ་ཆིན་འུའུ་དང་། ཝང་ཡ་ཏུང་། ཝེ་ཤིན་ཀུའེ། ལིས་གོ་ཅན། ཆིས་ཡན་ཧའེ། རྡོ་རྗེ་དགྲ་འདུལ་སོགས་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཚོགས་འདུ་ཞུགས་ཡོད།
ཀྲོང་ཅིན་སུང་གིས་ད་ལོའི“ཚོགས་འདུ་གཉིས”ནི་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་ཧྲུའུ་ཅི་ཝང་ཅོན་ཀྲེང་གི་གསུང་བཤད་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ། ངར་སེམས་ཆེར་སྐྱེད་ཀྱིས“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་ཞིག་སྐྲུན་རྒྱུའི”ལས་དོན་དམིགས་ཚད་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ལྷུ་ཚིགས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད།“ཚོགས་འདུ་གཉིས”ཡག་པོ་འཚོགས་པར་འགག་རྩ་འགོ་ཁྲིད་ལ་ཐུག་པ་དང་སྣེ་ཁྲིད་པར་ཏང་ཡོན་ལ་བརྟེན་དགོས། ཏང་ཡོན་འཐུས་མི་དང་ཨུ་ཡོན་གྱིས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་གྱིས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ཞིབ་ཕྲའི་བླང་བྱའི་ཐོག་གཅིག་ཏུ་ཡོང་བར་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོབ་གཉིས”ཐུབ་པ་བཅས་བྱས་ནས་“ཚོགས་འདུ་གཉིས”ཀྱི་ཐོག་དོན་འཁྱོལ་བྱེད་པ་དང་བྱ་སྤྱོད་ཐོག་མངོན་པར་བྱེད་དགོས་པ་དང་། “ཚོགས་འདུ་གཉིས”ཀྱི་ལས་དོན་ཁག་ལེགས་སྒྲུབ་བྱས་ཏེ་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པའི་མིག་དཔེ་དང་། སྲིད་ཞུགས་སྲིད་གླེང་གི་མིག་དཔེ། མཐུན་སྒྲིལ་གཞོགས་འདེགས་ཀྱི་མིག་དཔེ། སྒྲིག་བཀུར་ཁྲིམས་སྲུང་གི་མིག་དཔེ་ཞིག་བྱེད་པར་བརྩོན་ལེན་བྱེད་དགོས། དམངས་འཐུས་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཚོ་སེན་ཁྲིད་དེ་བློ་སེམས་གཅིག་མཐུན་དང་འཕེལ་རྒྱས་འཆར་འགོད་ཡོང་བར་སྐུལ་སྤེལ་བཏང་སྟེ། གྲོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དེ་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་དང་། རང་རྟོགས་ཀྱི་བྱ་སྤྱོད་བཅས་སུ་འགྱུར་བ་བྱེད་དགོས། “དོན་ཆེན་བཞི”དམིགས་པ་དང་“འཛུགས་གཏོད་བཞིར”ཤུགས་རྒྱག་པ། བློ་རིག་རྩལ་དུ་སྤྲུགས་ནས་གྲོས་འགོ་མང་ཙམ་འདོན་པ་དང་དངོས་གཉེར་གྱི་ཐབས་ཇུས་མང་ཙམ་བཏོན་ནས་ཚོགས་འདུ་གཉིས་དེ་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་ཡར་བརྩོན། མི་སེམས་ཡར་སྐུལ་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་ཧུར་ཐག་གཏོད་དགོས་ཞེས་བསྟན།
(དཔལ་ཐར་རྒྱལ་གྱིས་བསྒྱུར)