国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年12月28日

གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པ་འགོ་ཚུགས་པ།

ཀྲོང་ཅིན་སུང་། ལའོ་ཆིན་འུའུ། ཝང་ཡ་ཏུང་། ཝེ་ཤིན་ཀུའེ། ལིས་གོ་ཅན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ།

ཟླ12པའི་ཚེས་27ཉིན་གྱི་ཕྱི་དྲོར། གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པ་གཟབ་རྒྱས་ངང་འགོ་ཚུགས་པ་དང་། འདི་ནི་ཚོགས་ར་ཡིན་པ།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཆིས་དབྱིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ལའོ་ཆིན་འུའུ་ཡིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ། ཆིས་ཡན་ཧའེ་ཡིས་གཙོ་སྐྱོང་ཞུས་པ།

འདི་ག་ཚགས་པ་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12ཚེས27ཉིན་གྱི་ཕྱི་དྲོར། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དོ་སྣང་ཆེན་པོ་བྱེད་པའི་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པ་འགོ་ཚུགས་པ་རེད། ལས་རིགས་ཁག་དང་འཐབ་ཕྱོགས་ཁག་ནས་ཕེབས་པའི་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་རེ་དོན་དང་མངགས་བཅོལ་ཟབ་མོ་ཕྲག་ཐོག་ཏུ་འཁུར་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་སྒྲུབ་འགོ་ཚུགས་པ་རེད།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཆིས་དབྱིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཀྲོང་ཅིན་སུང་དང་། བློ་བཟང་ཡེ་ཤེས། བསོད་ནམས་དར་རྒྱས། ཡེ་ཤེས་ཆོས་འཕེལ། མའོ་ཀང་། སྐལ་བཟང་འགྱུར་མེད། ཁྲའོ་དབྱང་རྒྱ་མཚོ། བློ་བཟང་ཉི་མ། ཡེ་ཤེས་དབང་རྒྱལ། བཀྲ་ཤིས་ཚེ་མཚོ། བསྟན་འཛིན་ཕུན་ཚོགས། བཅོ་ལྔ་ཚེ་རིང་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

ལའོ་ཆིན་འུའུ་དང་། ཝང་ཡ་ཏུང་། ཝེ་ཤིན་ཀུའེ། ལིས་གོ་ཅན། རྡོ་རྗེ་དགྲ་འདུལ། ཝུའུ་དབྱིན་ཧའེ། ཝང་ཧྲི་ཡུས། ཏེང་ཝུན་ཁྲང་། ཐུབ་དགའ། ཀྲང་ཝུན་ཧྲེང་། ཕུའུ་ཡུས་ཧུའེ། ཉི་མ་ཚེ་རིང་། ཝུའུ་ཅན། ཐོགས་མེད་ཤེས་རབ། ཧུའུ་ཏེང་ཧྥུ། འཕྲིན་ལས། ཀྲང་ཧུང་ཅུན། སྟོབས་རྒྱལ། ཝེ་ཝུན་ནན། ཀྲང་ཝུན་ལིས། ཡང་ཧན། ཐན་ཆུས་ཧུང་།ཡང་དབྱིན། ཅང་ཅན་ཕིང་། བློ་བཟང་ཆོས་ལྡན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི259ཡོད་པ་དང་དངོས་སུ་ཞུགས་མཁན་འཐུས་མི222ཡོད་པས་ཚོགས་ཞུགས་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད། ཕྱི་དྲོའི་ཆུ་ཚོད3དང་སྐར་མ30ཐོག་ཆིས་དབྱིན་ཧའེ་ཡིས་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་ཚོགས་རའི་ནང་གི་འཐུས་མི་ཚང་མ་ཡར་བཞེངས་ནས་རྒྱལ་གླུ་བླངས་པ་རེད། ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད། སྙན་སྒྲོན་ནི2024ལོའི་ལས་དོན་ལ་ཕྱིར་མིག་ལྟ་བ་དང2025ལོའི་གཙོ་གནད་ལས་དོན་ཁག་གཉིས་སུ་ཕྱེ་ཡོད།

ལའོ་ཆིན་འུའུ་ཡིས་སྙན་སྒྲོན་ནང་། 2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བ་དང་།“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་དམིགས་ཚད་མངོན་འགྱུར་བྱས་པའི་འགག་རྩའི་ལོ་ཞིག་རེད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཡོད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། གྲོང་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་དང་བཅུ་གཉིས་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས།“དོན་ཆེན་བཞིར”དམ་པོར་དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། གྲོང་ཨུད་ཀྱི་སྤྱིའི་ལས་ཀའི་བསམ་ཕྱོགས་དང་ཟུང་འབྲེལ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་ངོ་བོའི་ཐོག་ནས་ལེགས་གཏོང་དང་འཕར་སྣོན་ལུགས་མཐུན་ཡོང་བ་བྱས་ཡོད་ཅེས་བསྟན།

ལའོ་ཆིན་འུའུ་ཡིས་སྙན་སྒྲོན་ནང་། ལོ་གཅིག་རིང་ང་ཚོས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོར་ཁྱོན་ཡོངས་ནས་སྐུལ་འདེད། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་སྲིད་གཞུང་གི་ལས་དོན་ཕྱོགས་གང་ཅིའི་ཐད་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ། མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བའི་རྨང་རྡོ་དང་སེམས་ཤུགས་གཅིག་སྒྲིལ། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་། མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་རྒྱུ་སྒུལ་ཤུགས་གལ་ཆེན་དང་། གནད་འཕིགས་ཤུགས་འདོན་བཅས་བྱས་ཏེ། ལས་གཞི་འཛུགས་སྐྲུན་གྱི་འཕེལ་ཕྱོགས་ཤུགས་དྲག་ལྡན་པ་དང་། ཐོན་ལས་རྒྱ་སྐྱེད་གཏོང་རྒྱུ་འགག་རྩའི་འདེགས་སྐྱོར་དང་བཀོད་སྒྲིག་ལེགས་སུ་གཏོང་བ། ཐོན་ལས་མ་ལག་གང་མགྱོགས་འཛུགས་པ། མཉམ་འགུལ་མཉམ་འདྲེས་ཀྱི་འགག་སྒྲོལ་ཁ་ཕྱོགས་གཙོ་བོར་འཛིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་སྔར་བས་མཐུན་སྦྱོར་ཡོང་བར་བྱེད་པ། བསྒྱུར་བཅོས་སྒོ་འབྱེད་ཀྱི་སྒུལ་ཤུགས་ཆེན་པོར་བྱེད་པ་དང་། གསར་གཏོད་གསར་འབྱེད་འཕེལ་རྒྱས་ཀྱི་གསོན་ཤུགས་མགྱོགས་སུ་གཏོང་བ། མི་དམངས་བློ་ཡིད་ཚིམ་པར་བྱ་རྒྱུ་རྩ་བར་འཛིན་པ། དམངས་འཚོ་ལེགས་སུ་གཏོང་བ་དང་དེ་བཞིན་ལྗང་མདོག་འཕེལ་རྒྱས་གཏོང་ཐུབ་པ་བཅས་བྱས་ཏེ་མངོན་གསལ་དོད་པའི་སྐྱེ་ཁམས་ཀྱི་ལེགས་ཆ་རྒྱུན་མཐུད་ངང་བརྟན་དུ་བཏང་ཡོད་ཅེས་བསྟན།

ལའོ་ཆིན་འུའུ་ཡིས་སྙན་སྒྲོན་ནང་། ལོ་གཅིག་རིང་ང་ཚོས་ཁྲིམས་ལྟར་སྲིད་འཛིན་བྱས་པ་དང་། གནད་དོན་ཁྲིད་ཕྱོགས། སྲིད་གཞུང་གི་འགན་ནུས་འཕོ་འགྱུར་བཅས་མཐའ་འཁྱོངས་བྱས་ནས། སྤྱོད་ཚུལ་ལེགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྲིད་གཞུང་རང་ངོས་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་བསྟན།

ལའོ་ཆིན་འུའུ་ཡིས་སྙན་སྒྲོན་ནང་། 2024ལོ་ནི་ཏང་ཀྲུང་དབྱང་གིས་ཁ་གཏད་བོད་སྐྱོར་གྱི་འཐབ་ཇུས་གལ་ཆེན་བཏོན་ནས་ལོ་30འཁོར་བའི་ལོ་ཞིག་རེད། ལོ་30ཡི་རིང་ཆབ་མདོར་རོགས་སྐྱོར་གནང་མཁན་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་འོག་དུས་རབས་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། འདི་ལོ་འཆར་འགོད་ནང་གི་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར9.35དོན་འཁྱོལ་བྱས་ཏེ། རྫོང་ཆུས་ཁག་གི་གྲོང་གསེབ་དར་རྒྱས་དཔེ་སྟོན་ས་ཚིགས་སོགས་བོད་སྐྱོར་རྣམ་གྲངས་225གཙོ་གནད་ཐོག་ལག་བསྟར་བྱས་ཡོད་ཅེས་བསྟན།

ལའོ་ཆིན་འུའུ་ཡིས་སྙན་སྒྲོན་ནང་། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་མཇུག་བསྡུའི་ལོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བའི་ལོ་ཞིག་ཀྱང་རེད། 2025ལོའི་ལས་དོན་གྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་8%འཕར་བར་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་འཇོག་གྲངས15%ཡས་མས་འཕར་བར་བྱེད་པ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང16%ཡས་མས་འཕར་བར་བྱེད་པ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་8%ཡས་མས་འཕར་བར་བྱེད་པ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ4%ཡས་མས་འཕར་བར་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བར་བྱེད་པ། གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ལས་མགྱོགས་པ་དང་། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་གསར་པའི་མི་གྲངས7000འཕར་བར་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད5%ནང་ཚུན་དུ་ཚོད་འཛིན་བྱེད་པ། རྩིས་གཞི་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་དང་སྦགས་བཙོག་དངོས་པོ་གཙོ་བོ་ཕྱིར་འབུད་བྱེད་ཚད་མུ་མཐུད་ཆག་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་ཐུབ་པ་བཅས་བྱ་དགོས་ཞེས་བསྟན།

ལའོ་ཆིན་འུའུ་ཡིས་སྙན་སྒྲོན་ནང་། སྔོན་དཔག་དམིགས་འབེན་མངོན་འགྱུར་བྱ་ཆེད། ང་ཚོས་གཤམ་གྱི་ཕྱོགས་བརྒྱད་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས་ཡག་པོ་བསྒྲུབ་དགོས་ཏེ། གཅིག་ནས་ཉེན་ཁ་སྔོན་འགོག་དང་། བཅོས་སྐྱོང་ལ་མཐོང་ཆེན། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། གཉིས་ནས་མ་དངུལ་གཏོང་རྒྱ་སྐྱེད་པ་དང་འཛད་སྤྱོད་ལ་རོགས་རམ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུ་བཏོན་ནས་ནང་མཁོའི་སྦས་ཤུགས་ལ་སྐུལ་སློང་བྱ་དགོས། གསུམ་ནས་དགེ་མཚན་དར་སྤེལ་དང་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ནུས་ཤུགས་སྔར་ལས་ཆེ་བའི་སྒོ་ནས་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་དགོས། བཞི་ནས་མཉམ་འདྲེས་ལ་དམ་འཛིན་དང་སྤུས་ཀ་མཐོར་འདེགས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་བྱ་དགོས། ལྔ་ནས་བསྒྱུར་བཅོས་ལ་སྐུལ་འདེད་དང་། གསར་གཏོད་དོན་གཉེར། གོམ་པ་བརྟན་པོས་བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བཅས་རྒྱུན་འཁྱོངས་བྱ་དགོས། དྲུག་ནས་གཞི་ཐིག་འཛིན་པ་དང་། དོན་དངོས་སྒྲུབ་པ། བརྩེ་སེམས་ཀྱིས་དམངས་འཚོའི་བདེ་སྐྱིད་ཇེ་མཐོར་གཏོང་དགོས། བདུན་ནས་རི་སྔོ་ཆུ་དྭངས་སྲུང་སྐྱོང་དང་། སྔ་ཕྱི་བར་གསུམ་དུ་སྐྱེ་ཁམས་འཛུགས་སྐྱོང་ཤུགས་ཆེན་བྱ་དགོས། བརྒྱད་ནས་སྤྱོད་ཚུལ་འགྱུར་ལྡོག་དང་ཕན་ནུས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་ངོས་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱ་དགོས་ཞེས་བཏོན་ཡོད།

ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་ཐོག་ཆབ་མདོ་གྲོང་ཁྱེར་གྱིས2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་དང་། ཆབ་མདོ་གྲོང་ཁྱེར་གྱིས2024ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ། 2025ལོའི་སྔོན་རྩིས་འཆར་ཟིན་བཅས་ཀྱི་སྙན་སྒྲོན་པར་འགྲེམས་བྱས་ནས་ཞིབ་བཤེར་ཆོག་མཆན་གནང་རྒྱུར་ཕུལ་བ་རེད།

ཚོགས་འདུའི་གྲོས་རིམ་གཞིར་བཟུང་ནས། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བཀའ་མངགས་ལྟར་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡེ་ཤེས་ཆོས་འཕེལ་གྱིས《ཆབ་མདོ་གྲོང་ཁྱེར་གྱི་ས་གནས་ཁྲིམས་འཛུགས་སྲོལ་ཡིག(འཆར་ཟིན)》སྐོར་ལ་གསལ་བཤད་གནང་བ་རེད།

གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་གྱི་སྲིད་གྲོས་ཨུ་ཡོན་དང་ཆབ་མདོར་ཡོད་པའི་སྐབས་བཅུ་གཉིས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་ཅིག གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་མིན་པའི་གྲོང་ཁྱེར་རིམ་པའི་འགོ་ཁྲིད་དང་།གྲོང་ཁྱེར(ཀྲུང་དབྱང་དང་ལྗོངས)ཐད་གཏོགས་ཚན་པའི་འགན་འཁུར་བ་དང་། མི་དམངས་ཚོགས་པའི་འགན་འཁུར་བ། ཆབ་མདོར་ཡོད་པའི་ཁེ་ལས་ཀྱི་འགན་འཁུར་བ་ཁག་ཅིག་ཚོགས་འདུ་ཟུར་ཞུགས་གནང་བ་རེད།