国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年12月17日

གྲོང་ཨུད་ཀྱི་སྐབས་གཉིས་པའི་རེས་སྐོར་བརྒྱད་པའི་སྐོར་ཞིབ་ཚོགས་ཆུང་གིས་གྲོང་ཨུད་ཏང་གི་སློབ་གྲྭ་དང་གྲོང་ཨུད་ལས་བྱེད་རྒན་གྲས་ཅུད། གུང་གཞོན་སྡེ་ཚོགས་གྲོང་ཨུད་བཅས་ལ་སྐོར་ཞིབ་བརྡ་ལན་སྤྲད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་12ཉིན། གྲོང་ཨུད་ཀྱི་སྐབས་གཉིས་པའི་རེས་སྐོར་བརྒྱད་པའི་སྐོར་ཞིབ་ཚོགས་ཆུང་གཉིས་པས་གྲོང་ཨུད་ལས་བྱེད་རྒན་གྲས་ཅུད།གུང་གཞོན་སྡེ་ཚོགས་གྲོང་ཨུད་བཅས་ལ་སྐོར་ཞིབ་བརྡ་ལན་སྤྲད་པ་དང་། སྐོར་ཞིབ་ཚོགས་ཆུང་གསུམ་པས་གྲོང་ཨུད་ཏང་གི་སློབ་གྲྭ་ལ་སྐོར་ཞིབ་བརྡ་ལན་སྤྲད་ཡོད། ཚོགས་འདུའི་ཐོག་བློ་མཐུན་ཀྲོང་ཅིན་སུང་གིས་ཆབ་མདོ་གྲོང་ཨུད་ཀྱི་སྐབས་གཉིས་པའི་རེས་སྐོར་བརྒྱད་པའི་སྐོར་ཞིབ་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་གསན་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་གྲོང་ཨུད་སྐབས་གཉིས་པའི་རེས་སྐོར་བརྒྱད་པའི་སྐོར་ཞིབ་ཀྱི་གཅིག་སྡུད་ཐོག་གནས་ཚུལ་ལན་སྤྲད་པའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

སྐོར་ཞིབ་ཚོགས་ཆུང་གཉིས་པའི་ཚོགས་གཙོ་ཡིས་གྲོང་ཨུད་ལས་བྱེད་རྒན་གྲས་ཅུད་དང་གུང་གཞོན་སྡེ་ཚོགས་གྲོང་ཨུད་ལ་སྐོར་ཞིབ་བྱས་པའི་གནས་ཚུལ་ལན་སྤྲད་པ་མ་ཟད་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག སྐོར་ཞིབ་ཚོགས་ཆུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཆེད་དོན་ཞིབ་བཤེར་ཁྲོད་ཚན་པ་གསུམ་གྱིས་མི་འདེམས་མི་སྤྱོད་བྱས་པའི་སྐོར་གྱི་གནས་ཚུལ་ལན་སྤྲད་པ་རེད།