འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གྲོང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། གྲོང་ཨུད་སྐབས་གཉིས་པའི་སྐོར་ཞིབ་རེས་སྐོར་བརྒྱད་པའི་སྐོར་ཞིབ་ཚོགས་ཆུང་དང་པོས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་གྲོང་ཁྱེར་བུད་མེད་ལྷན་ཚོགས། གྲོང་ཁྱེར་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང(རྩོམ་སྒྱུར་ཅུད)བཅས་ལས་ཁུངས་ཚན་པ3ལ་ཉིན45རིང་སྐོར་ཞིབ་བྱ་རྒྱུ་ཡིན་པ་རེད། ཟླ12ཚེས12ཉིན་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་། གྲོང་ཁྱེར་བུད་མེད་ལྷན་ཚོགས། གྲོང་ཁྱེར་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང(རྩོམ་སྒྱུར་ཅུད)བཅས་ཀྱི་ཏང་ཙུའུ་ལ་སྐོར་ཞིབ་བརྡ་ལན་སྤྲད་པ་རེད།
སྐོར་ཞིབ་ཚོགས་ཆུང་དང་པོའི་ཚོགས་གཙོ་གཞོན་པ་ཡིས་གྲོང་ཁྱེར་བུད་མེད་ལྷན་ཚོགས་དང་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང(རྩོམ་སྒྱུར་ཅུད)ལ་སྐོར་ཞིབ་གནས་ཚུལ་ལན་སྤྲད་པ་རེད།
ཚོགས་འདུའི་ཐོག བློ་མཐུན་ཀྲོང་ཅིན་སུང་གིས་ཆབ་མདོ་གྲོང་ཨུད་སྐབས་གཉིས་པའི་སྐོར་ཞིབ་རེས་སྐོར་བརྒྱད་པའི་ལས་དོན་གྱི་གནས་ཚུལ་སྙན་ཞུར་གསན་སྐབས་ཀྱི་གསུང་བཤད་དགོངས་དོན་དང་གྲོང་ཨུད་སྐབས་གཉིས་པའི་སྐོར་ཞིབ་རེས་སྐོར་བརྒྱད་པའི་གཅིག་སྡུད་ལན་སྤྲོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྐོར་ཞིབ་ཚོགས་ཆུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཆེད་དོན་ཞིབ་བཤེར་བྱ་ཡུལ་ཚན་པ་གསུམ་གྱི་ཏང་ཙུའི་མི་སྣ་འདེམས་སྤྱོད་བྱེད་ལུགས་ཀྱི་ཆ་ནས་བརྡ་ལན་སྤྲད་པ་རེད།