འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས13ཉིན་གྱི་ཕྱི་དྲོར། ཆབ་མདོ་གྲོང་ཁྱེར་གྱི2024ལོའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཀྲང་ཅན་ཧྭ་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད།
ལའོ་ཆིན་འུའུ་ཡིས་མངོན་མིན་རིག་གནས་ཤུལ་བཞག་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་ཀྲུང་ཧྭའི་ཤེས་དཔལ་རྒྱུན་མི་ཆད་པར་རྒྱུན་འཛིན་བྱེད་པའི་གསོན་ཉམས་ལྡན་པའི་དཔང་རྟགས་ཤིག་རེད། ཆབ་མདོར་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རིག་གནས་ནང་དོན་ཟབ་པ། སྣ་མང་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་ཡོད་ཅིང་། མངོན་མིན་རིག་གནས་ཤུལ་བཞག་འདི་དག་ལས་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཆགས་པའི་ཆབ་མདོའི་མི་དམངས་ཀྱི་ཕུལ་བྱུང་རིག་གནས་རིན་ཐང་ལྟ་བ་དང་མཛེས་དཔྱོད་ལྟ་བ་གང་ལེགས་མཚོན་པ་དང་། མི་རིགས་ཀྱི་གཏིང་ཟབ་པའི་རིག་གནས་ཀྱི་གཞི་རྐྱེན་གྲུབ་པ། ཆབ་མདོའི་མི་དམངས་ཀྱི་དམིགས་བསལ་བསམ་པའི་རིན་ཐང་དང་། བསམ་གཞིག་བྱེད་སྟངས། བསམ་པའི་བཀོད་ནུས། རིག་གནས་འདུ་ཤེས། ཆབ་མདོའི་མི་དམངས་ཀྱི་གསོན་ཤུགས་དང་གསར་གཏོད་ནུས་པ་མངོན་ཡོད་པ་རེད། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱ་རྒྱུར་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ། ཆབ་མདོའི་ལྟེ་བའི་ཡན་ལག་གྲོང་ཁྱེར་སྐྲུན་པ་བཅས་ཀྱི་ངོས་ནས་བརྗོད་ན་གལ་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད་པ་རེད། ལུའོ་ཆིང་ཝུའུ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་པར་ཐུགས་རྗེ་ཆེ་ཞུས་པ་རེད། ལའོ་ཆིན་འུའུ་ཡིས་རྩ་འཛུགས་ཀྱི་འགན་ལེན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་དང་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་དུས་ཚིགས་རང་བཞིན་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལ་ཕྱོགས་སྡོམ་བྱས་ཏེ་རྒྱུན་འཛིན་པའི་ཧུར་བརྩོན་བསམ་པ་དང་གསར་གཏོད་བསམ་པར་སྐུལ་ལྕག་དང་སྐུལ་སྤེལ་གཏོང་དགོས་པ་དང་། ནོར་ཤུགས་ཀྱི་རྒྱབ་སྐྱོར་ལ་ཤུགས་བརྒྱབ་ནས་ཁྲོམ་ར་སྔར་བས་གསར་སྤེལ་གཏིང་ཟབ་བྱེད་པ་དང་། མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་དཔལ་འབྱོར་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། ཡིད་དབང་འཕྲོག་པའི་རིག་གནས་གསར་གཏོད་ཐོན་རྫས་གཏོད་པ། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རིག་གནས་རྒྱུན་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དགེ་མཚན་ལྡན་པའི་མཉམ་འགུལ་ཐུབ་པ་བྱེད་དགོས་པ། རྒྱུ་རྐྱེན་གཙོ་བོ་རྣམས་གང་འགབ་ཅི་སྤྱོད་བྱས་ནས་བོད་སྐྱོར་གྱི་ལམ་སྲོལ་དང་། ཤེས་ལྡན་མི་སྣ། མ་དངུལ། ཁྲོམ་ར་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། སློབ་སྦྱོང་དང་། དྲིལ་བསྒྲགས། སྤེལ་རེས་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ། རིག་གནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྣེ་མང་གཞི་གཅིག་གི་རིག་གནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།
གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བ་བཞུགས་མོལ་ཚོགས་འདུ་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཏེ་འཇོ་མདའ་སྤོ་ལོའི་ཤིང་བརྐོས་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་ཚེ་འཕེལ་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཏེ་བོད་རིགས་ཐང་གའི་ཁམས་སྨན་གསར་ལུགས་ཀྱི་རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པ་ཆོས་སྐྱོང་ཚེ་རིང་། ཐང་ག་ཚོན་རྩི་རི་མོའི་རྒྱུན་འཛིན་པ་རིན་ཆེན་རྣམ་རྒྱལ་བཅས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།