ཆབ་མདོ་གྲོང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་དང་ཆབ་མདོ་སྲིད་གྲོས་བཙུགས་ནས་ལོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་དང་བོད་ལྗོངས་སྲིད་གྲོས་བཙུགས་ནས་ལོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཆབ་མདོའི་སྲིད་གྲོས་ཀྱིས་བརྒྱུད་པའི་འོད་སྟོང་འབར་བའི་ལམ་བུར་ཕྱིར་དྲན་དང་། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་དེ་རང་རེའི་གྲོང་ཁྱེར་དུ་ལག་ལེན་དངོས་སུ་བསྟར་བའི་རྩ་ཆེའི་ཉམས་མྱོང་ལ་ཕྱོགས་བསྡོམས་ཡག་པོ་བྱས་ཡོད་ལ། དུས་རབས་གསར་པར་ཆབ་མདོའི་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུར་ཞིབ་འཇུག་དང་བཀོད་སྒྲིག་གང་ལེགས་བཅས་བྱས་ནས་རང་རེའི་གྲོང་ཁྱེར་གྱི་སྲིད་གྲོས་བྱ་གཞག་གི་རྣམ་པ་གསར་པ་གཏོད་པ་དང་འོད་སྟོང་འབར་བའི་གྲུབ་འབྲས་ཡང་བསྐྱར་གཏོད་པར་སྐུལ་འདེད་བཏང་ཡོད། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། མི་དམངས་སྲིད་གྲོས་ཀྱི་མངོན་གསལ་དོད་པའི་ཀྲུང་གོའི་ཁྱད་ཆོས་དང་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆ་རྒྱས་བཤད་གཏིང་ཟབ་གནང་ནས། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང“མཐའ་འཁྱོངས་བཅུའི”ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས“དོན་འཁྱོལ་བྱེད་པ་དང་གོང་བུ་གཅིག་ཏུ་སྒྲིལ་བའི”ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ངང་འཁུར་རྒྱུ་དེ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བོད་ལྗོངས་སྲིད་གྲོས་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད་ལ། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ནང་ཞུགས་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པ་བཅས་ཀྱི་རང་འགན་ཐེག་པ་ཁུར་ལེན་ཞིག་ཀྱང་རེད།
ལོ་65ཡི་རིང་། ཆབ་མདོ་སྲིད་གྲོས་ཀྱིས་ཏང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐུགས་ཁུར་གཟིགས་སྐྱོང་། གྲོང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་བཅས་ཀྱི་འོག་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་བ་དང་། མི་དམངས་སྲིད་གྲོས་ནི་ཅི་ཞིག་ཡིན་པ་དང་ཅི་ཞིག་བསྒྲུབ་པ། ཇི་ལྟར་བསྒྲུབ་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞིར་དམིགས་ཏེ་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། དགེ་མཚན་སྟོབས་ཤུགས་གཅིག་སྡུད་བཅས་བྱས་ནས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་དང་། དམངས་གཙོ་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ། དེང་རབས་ཅན་འཛུགས་སྐྲུན་སོགས་ལོ་རྒྱུས་དུས་སྐབས་ཁག་གི་བྱ་གཞག་རླབས་པོ་ཆེར་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། ཆབ་མདོ་འདི་ཉིད་དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཧ་ཅང་ཆེན་པོའི་ནང་ནུས་པ་གལ་ཆེན་བཏོན་ནས་ལོ་རྒྱུས་དང་། དུས་རབས། མི་དམངས་བཅས་ལ་ངོ་གནོང་མི་དགོས་པའི་འོད་སྟོང་འཕྲོ་བའི་བྱས་རྗེས་བཞག་ཡོད།
ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། འབད་འབུངས་ཡར་བརྩོན། འགན་འཁྲི་ཁུར་ཕོད་པ་བཅས་བྱས་ཏེ་དུས་རབས་གསར་པའི་ཆབ་མདོ་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།