国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年12月03日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11ཚེས27ཉིན་གྱི་ཕྱི་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། འབྲེལ་ཡོད་ལས་དོན་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་ཡོད། ལའོ་ཆིན་འུའུ་ཡིས་ནུས་རྒྱུའི་བདེ་འཇགས་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་དང་འབྲེལ་བ་ཡོད་པ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་དེ་ལྗོངས་ཡོངས་ཀྱི་ཐོན་ལས་ཆེ་གྲས་དགུའི་གྲས་ཤིག་དང་ཆབ་མདོའི“3+1+1”ཐོན་ལས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཆབ་མདོ་འདི་ཉིད་བོད་ཀྱི་རྒྱལ་ཁབ་ནུས་རྒྱུ་གཙང་མའི་རྟེན་གཞིའི་གྲུབ་ཆ་གལ་ཆེན་ཞིག་གི་འཕེལ་རྒྱས་ཀྱི་བར་མཐོངས་ཧ་ཅང་ཆེན་པོ་ཞིག་ཡིན་པའི་ཆ་ནས་ས་བབས་དང་འགྲིམ་འགྲུལ་གྱི་ལེགས་ཆ་མངོན་གསལ་དོད་པ་དང་། འཕེལ་རྒྱས་ཀྱི་མདུན་ལྗོངས་བཟང་པོ་ཡོད་པས། རིམ་པ་ཁག་དང་ཚན་པ་ཁག་གིས་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། རང་སྐྱོང་ལྗོངས་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ། གྲོང་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པའི་ནུས་རྒྱུའི་ལས་དོན་སྐོར་གྱི་བཀོད་སྒྲིག་གལ་ཆེན་ཁོང་དུ་ཆུད་པར་བྱས་ཏེ། ནུས་རྒྱུ་གཙང་མ་འཕེལ་རྒྱས་དང་སྐྱེད་སྲིང་སྟོབས་ཆེར་གཏོང་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་ལ།“རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུའི་གཙོ་གནད་ལས་འགན་ཞིག་ཀྱང་ཡིན། “3+1+1”ཐོན་ལས་འཕེལ་རྒྱས་ཀྱི་མ་ལག་གཏོད་རྒྱུའི་འགག་རྩའི་ནང་དོན་ཡང་ཡིན་པས་བསམ་བློའི་ཐད་ནས་དེ་བས་མཐོང་ཆེན་དང་བྱ་སྤྱོད་ཀྱི་ཐད་ནས་དེ་བས་ནུས་ལྡན། དོན་འཁྱོལ་གྱི་ཐད་ནས་དེ་བས་གནད་ལ་འཁེལ་བ་བཅས་བྱེད་དགོས་ཅེས་བསྟན།