国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年12月03日

ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་།ཤིས་འཕྲིན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན། རང་རེའི་གྲོང་ཁྱེར་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག འབྲེལ་ཡོད་ལས་དོན་སྙན་སེང་ལ་གསན་པ། འབྲེལ་ཡོད་ལས་དོན་ལ་བཀོད་སྒྲིག་བཅས་གནང་ཡོད།

ལའོ་ཆིན་འུའུ་དང་། ཝང་ཡ་ཏུང་། ཝེ་ཤིན་ཀུའེ། ཀྲང་ཅན་ཧྭ། ལིས་གོ་ཅན། རྡོ་རྗེ་དགྲ་འདུལ། ལིས་པིང་། ཀྲང་ཝུན་ཧྲན། དངོས་གྲུབ་ཟླ་བ། ཀྲའོ་པིང་། ཝང་ཧྲི་ཡུས། ཅཱ་ཤིན་ཡུས། ཏིན་ཝུན་ཁྲང་བཅས་ཞུགས་ཡོད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་པ་དང་འབྲེལ་ཕེ་རུར་རྒྱལ་དོན་འཚམས་འདྲི་གནང་བ་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པ་དང་འབྲེལ་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་རིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། པར་ཙིར་གྱི་མཛའ་གྲོགས་མི་སྣར་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཀྲོང་ཅིན་སུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལ་གཟིགས་རྒྱང་རིང་བ་དང་། དགོངས་པ་གཏིང་ཟབ་པ་བཅས་ཡོད་པས། ང་ཚོས་ཕྱི་ཕྱོགས་མཉམ་ལས་དང་། མི་ཆོས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་དང་། ཚན་རྩལ་གསར་གཏོད། དྲ་རྒྱའི་ཐོན་ལས་འཕེལ་རྒྱས་བཅས་ཤུགས་སྣོན་གཏོང་བར་ཚན་རིག་གི་མཛུབ་ཁྲིད་མཁོ་འདོན་གནང་ཡོད་ཅེས་བསྟན།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”སྨྱན་སྦྱོར་གྱི་ཇུས་འདོན་ཚོགས་པའི་མཐོ་རིམ་གླེང་སྟེགས་ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་འདུ་ཤེས་འཛིན་སྟངས་ལས་དོན་སྙན་སེང་ལ་གསན་ཡོད། ཀྲོང་ཅིན་སུང་གིས་འདུ་ཤེས་འཛིན་སྟངས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་རྒྱུད་མཐུད་ངང་སློབ་སྦྱོང་དང་གོ་བ་ལེན་པ་དང་། འདུ་ཤེས་འཛིན་སྟངས་ལས་དོན་སྐོར་གྱི་ཧྲུའུ་ཅི་ཝང་ཅོན་ཀྲེང་གི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་གོ་བ་བླངས་ཏེ་ཏང་གིས་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ། འདུ་ཤེས་འཛིན་སྟངས་ལས་དོན་དེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས། ཏང་འཛུགས་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱས་ནས། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་ལེགས་སྒྲུབ་བཅས་ཀྱི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་དབང་ཆ་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཉེ་དུས་གནང་བའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད། ཀྲོང་ཅིན་སུང་གིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་ལ་གཟབ་ནན་ངང་གོ་བ་ལེན་པ་དང་། དུས་རབས་གསར་པའི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་ནང་གནས་བླང་བྱ་ཚན་རིག་དང་མཐུན་པའི་ངང་ཁོང་དུ་ཆུད་པ་བྱེད་ཅིང་། རིགས་གཞུང་གི་དྲག་ཆས་སྤྲས་པར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་ཀྱི་ཤེས་དཔལ་ཚད་གཞི་མཐོ་རུ་གཏོང་བ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ། ཆབ་མདོའི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱེད་ནས།“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ”དང“མི་དམངས་བློ་ཡིད་ཚིམ་པའི་གཞུང་ལས་པའི་མཉམ་སྡེབ་”ཀྱི་དཔེ་མཚོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་ནས་སྔོན་ཐོན་ལ་བརྩི་མཐོང་དང་། སྔོན་ཐོན་ལ་སློབ་སྦྱོང་། སྔོན་ཐོན་ལ་བརྩོན་ལེན་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པའི་ནན་བཤད་གནང་ཡོད།

ཀྲོང་ཅིན་སུང་གིས་ཏང་ཨུད་ཀྱི་འགོ་ཁྲིད་དང་། སྲིད་གཞུང་གི་གཙོ་ཁྲིད། ཚན་པའི་འགན་འཁུར། སྤྱི་ཚོགས་ནང་ཞུགས་པ་བཅས་ཀྱི“རྒན་རྒོན་གཅིག་དང་བྱིས་པ་གཅིག”ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས“རྒན་རྒོན་གཅིག་དང་བྱིས་པ་གཅིག”གཅིག་སྡུད་འཚོ་སྐྱོང་ལས་ཀའི་སྤྱི་ཡོངས་འཆར་འགོད་དང་། མ་དངུལ་འཇོག་པ། སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ལས་ཀར་དམ་འཛིན་ཡག་པོ་བྱེད་པ། གཅིག་སྡུད་འཚོ་སྐྱོང་སྒྲིག་གཞིའི་ལས་བྱེད་མི་སྣའི་དཔུང་ཁག་འཛུགས་སྐྱོང་དང་། བདེ་འཇགས་དོ་དམ་མ་ལག་འཐུས་ཚང་། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་སུ་རྒན་བཀུར་གཞོན་གཅེས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པའི་བླང་བྱ་བཏོན་ཡོད།