འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས30ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་དང་ཆབ་མདོ་སྲིད་གྲོས་བཙུགས་ནས་ལོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ཚོགས་ཆེན་ལ་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་དང་བོད་ལྗོངས་སྲིད་གྲོས་བཙུགས་ནས་ལོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཆབ་མདོའི་སྲིད་གྲོས་ཀྱི་བྱ་གཞག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་བ། ཝང་ཡ་ཏུང་དང་། ཝེ་ཤིན་ཀུའེ། ཀྲང་ཅན་ཧྭ། ལིས་གོ་ཅན། ལིས་པིང་། ཀྲང་ཝུན་ཧྲན། དངོས་གྲུབ་ཟླ་བ། ཀྲའོ་པིང་། ཝང་ཧྲི་ཡུས། ཅཱ་ཤིན་ཡུས། ཏིན་ཝུན་ཁྲང་། ཆབ་མདོ་གྲོང་ཁྱེར་གྱི་འགོ་ཁྲིད་རྒན་གྲས་བུ་ཐུབ་བསྟན་བཅས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྲིད་གྲོས་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ལོ65ཡི་རིང་། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱིས་རྒྱུན་འཛིན་ཁྲོད་གསར་གཏོད་དང་། གསར་གཏོད་ཁྲོད་འཕེལ་རྒྱས་གཏོང་བ། དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། འགན་འཁྲི་སྒྲུབ་པའི་མཉམ་ཤུགས་མངོན་པ། རྨང་བརྟན་དངོས་ཕན་ལ་སྣང་ཆེན་བཅས་བྱས་ཏེ། ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་བ་དང་། ཕུན་སུམ་ཚོགས་པའི་ལག་ལེན་དང་མངོན་གསལ་དོད་པོའི་ལག་ལེན་ལ་བརྟེན་ནས་ས་གནས་སྲིད་གྲོས་ཀྱི་དམིགས་བསལ་ཆབ་སྲིད་རིན་ཐང་དང་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆ་ར་སྤྲོད་གང་ལེགས་བྱས་ཡོད་ཅེས་བསྟན།
ཀྲོང་ཅིན་སུང་གིས་མིག་སྔར། གྲོང་ཨུད་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཆབ་མདོར་བརྟག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་བྱེད”ཅེས་པའི་འཕེལ་རྒྱས་ཀྱི་ངེས་གནས་ལ་དམིགས་ཏེ“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཞིག་གཏོད་པའི”འབད་འཐབ་དམིགས་ཚད་བཏོན་པ་དང་།“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི་ཡི”གདོང་ལེན་རུ་ཁག་དང་། གདོང་མཆོང་དམག་མི་ཞིག་བརྩོན་ལེན་བྱེད་པའི་ལས་ཀའི་འབོད་སྐུལ་བཏང་བ་དང་། དུས་བདེ་བརྟན་ལྷིང་གི“ཞི་མཐུན་ཆབ་མདོ”དང་། སྒུལ་ཤུགས་ཆེ་བའི“སྐྱེ་སྟོབས་ཆབ་མདོ”ཡིད་དབང་འཕྲོག་པའི“སྐྱེ་ཁམས་ཆབ་མདོ”འདེགས་སྐྱོར་ནུས་ལྡན་གྱི“སྲ་བརྟན་ཆབ་མདོ”མཐུན་སྒྲིལ་བློ་མཐུན་གྱི“འབད་འཐབ་ཆབ་མདོ”བཅས་འཛུགས་སྐྲུན་བྱེད་པའི་ལས་དོན་ལས་འགན་གཏན་འཁེལ་བྱས་ཡོད།
གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། ལས་ཀའི་འབོད་སྐུལ་དང་ལེན་བྱས་ཏེ་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་ཐད་རང་འགན་གཙང་སྒྲུབ་གང་ཐུབ་དང་།“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞི་དོན་འཁྱོལ་བྱེད་རིང་བྱས་རྗེས་འཇོག་པ་དང་།“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཞིག་གཏོད་པའི”འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་མི་སེམས་གཅིག་སྒྲིལ་དང་། བློ་གྲོས་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པ་དང་སྲིད་གྲོས་ཀྱི་བྱས་རྗེས་འཇོག་དགོས། གཅིག་ནས་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དམིགས་ཚད་དུ་བཟུང་ནས་བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་འགན་འཁྲི་གསར་པ་མངོན་པ་བྱེད་དགོས། གཉིས་ནས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་གཙོ་རྐང་དུ་བཟུང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་གསར་པ་འབུལ་དགོས། གསུམ་ནས་མཐུན་སྒྲིལ་ཡར་བརྩོན་གྱི་བློ་སྟོབས་རང་ཉིད་ཀྱི་ལས་འགན་དུ་བརྩིས་ཏེ་དམངས་གཙོའི་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུའི་ཐད་བྱས་རྗེས་གསར་པ་འཇོག་དགོས། བཞི་ནས་ཉམས་སད་ཐེག་ཐུབ་པའི་སྲིད་གྲོས་ཀྱི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་དམ་འཛིན་བྱེད་སར་བྱས་ཏེ། འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཐོབ་པ་བྱ་དགོས། ལྔ་ནས་ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཆབ་མདོའི་སྲིད་གྲོས་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས་བཅས་ནན་བཤད་གནང་ཡོད།
ལའོ་ཆིན་འུའུ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱིས་བསམ་བློ་དང་བྱ་སྤྱོད་གྲོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་། ཆབ་མདོའི་སྲིད་གྲོས་དབུ་བརྙེས་ནས་ལོ65འཁོར་བ་འགོ་འཛུགས་ས་གསར་པར་བརྩིས་ནས་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ།“དོན་ཆེན་བཞིར”དམིགས་པ།“འཛུགས་གཏོད་བཞིར”དམ་པོར་དམིགས་པ། “གསར་བརྗེའི་ཆབ་མདོ”ཁྲིད་སྟོན་དུ་བཟུང་བ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་མཐའ་འཁྱོངས། གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞི་ཡིན་པའི་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་གང་དྲག་བྱེད་པ། གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཆབ་མདོའི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་བློ་གྲོས་ལྡན་པའི་ཐབས་ཇུས་འདོན་དགོས་ཞེས་བསྟན།
གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། སྲིད་གཞུང་། སྲིད་གྲོས། ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱི་ལས་གནས་སུ་ཡོད་པའི་གྲོང་ཁྱེར་རིམ་པའི་འགོ་ཁྲིད་དང་། རིམ་པ་གསུམ་པའི་སྲིད་གྲོས་ཨུ་ཡོན། སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུ་ཞུགས་པ་རེད།