国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月26日

དངོས་སྒྲུབ་བྱས་ན་གཞི་ནས་མདུན་གྲལ་དུ་སླེབས་པ་དང་མིག་དཔེ་སྟོན་ཐུབ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས21ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་སྟེང་ཆེན་རྫོང་གི་སྤ་ཟླ་ཤང་དང་། ཁྲི་རྡོ་གྲོང་རྡལ། སེར་ཚ་ཤང་བཅས་སུ་ཕེབས་ཏེ་བདེ་འཇགས་བརྟན་ལྷིང་དང་། གཞི་རིམ་བཅོས་སྐྱོང་། མང་ཚོགས་ཀྱི་འབབ་འཕར། གྲོང་གསེབ་དར་རྒྱས་བཅས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་ཞིང་ ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། དམིགས་འབེན་མི་འགྱུར་བ་དང་འགན་འཁྲི་ཇེ་ཉུང་དུ་མི་གཏོང་བ་བཅས་མཐའ་འཁྱོངས་བྱེད་པ། ངར་ཤུགས་བསླངས་ཏེ་བག་ནུས་ཕན་སྐྱེད་སྔོག་པ་དང་། གནད་དམིགས་ཇུས་འདོན་གྱིས་ཆད་གསབ་ཤུགས་ཆེན་བཅས་བྱས་ནས་ཡིད་ཆེས་བརྟན་དུ་གཏོང་བ་དང་། འཐམས་ནས་མི་ལྷོད་པ། མཇུག་བསྡུའི་དམག་འཐབ་ཡག་པོ་རྒྱག་པ། གོང་བུ་འགྲིལ་ཤུགས་ཀྱིས་འགོ་ཡག་པོ་ཚུགས་པ་བཅས་བྱས་ཏེ། སྟེང་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་གནང་ཡོད།“རལ་བའི་སྒྱུ་རྩལ་གྱི་ཕ་ས”ཞེས་འབོད་པའི་སྟེང་ཆེན་རྫོང་གི་སྤ་ཟླ་ཤང་དུ། ཀྲོང་ཅིན་སུང་གིས་སྤ་ཟླ་ཤང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཤང་གྲོང་འཕེལ་རྒྱས་ཀྱི་འཆར་འགོད། གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་བཅས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཉེན་བརྡ་རྒྱུན་གྲགས་དང་དོགས་ཟོན་ལྷོད་མེད་མཐའ་འཁྱོངས་བྱས་ཏེ་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་ལས་དོན་གཏིང་ཟབ་སྤེལ་ནས་བརྟན་ལྷིང་སྲུང་སྐྱོབ་ལས་དོན་གྱི་ཉིན་རེའི་ལས་རིམ་ནང་འཇུག་པ་དང་། གཞི་རིམ་ཁྲོད་བསྒྲུབ་པ་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོབ་ཀྱི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། གྲོང་གསེབ་དར་རྒྱས་ཀྱི་ཐབས་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་དགོས་ཤིང་། ས་གནས་དེ་གའི་ཁྱད་ལྡན་ལེགས་ཆ་དང་མི་ཆོས་གཙོ་རྒྱུ་སྔོག་འདོན་གང་ལེགས་དང་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་རྒྱ་སྟོབས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་ནས་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་ཧུར་ཐག་སྐུལ་འདེད་གཏོང་དགོས་ཤིང་། ཤང་གྲོང་གི་ཐོན་ཁུངས་དགེ་མཚན་དང་ཁྲོམ་རའི་དགོས་མཁོ་ལྟར་ཐོན་ལས་ཀྱི་བཀོད་པ་ལེགས་སུ་བཏང་ནས་ཐོན་ལས་ཀྱི་འཐུ་ཆ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། ་རྒྱུན་མཐུད་ངང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་དམ་པོར་དམིགས་དགོས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་དང་བཙོག་ཆུ་གནོད་མེད་ཅན་གཙང་སེལ་སྒྲིག་ཆས་ཀྱི་ཞན་ཆ་སེལ་བ་དང་། གྲོང་ཚོ་གཙང་སྒྲའི་བྱ་སྤྱོད་དང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རྒྱལ་ལམ་འགྲམ་རྒྱུད་ཀྱི་གད་སྙིགས་གཙང་སེལ་བྱས་ནས་གཙང་ཞིང་གྲལ་དག་པའི་མི་སྡོད་ཁོར་ཡུག་ཅིག་བསྐྲུན་དགོས།“སྟེང་ཆེན་རལ་བའི”སྒྱུ་རྩལ་སྔོག་འདོན་དང་། སྲུང་སྐྱོབ། བེད་སྤྱོད་བཅས་ཡག་པོ་སྒྲུབ་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས་ཅེས་ནན་བཤད་གནང་ཡོད།

ཁྲི་རྡོ་གྲོང་རྡལ་དུ་ཀྲོང་ཅིན་སུང་གིས་གསར་བརྗེའི་ཡུལ་སྐོར་དང་གཞི་རིམ་བཅོས་སྐྱོང་། ཞིང་འབྲོག་པའི་འབབ་འཕར་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་རྒྱུན་ཆད་མེད་པར་སྔོག་འདོན་བྱེད་དགོས། གསར་བརྗེའི་ཡུལ་སྐོར་ལྗོངས་རྒྱུ་རིམ་སྤོར་དང་། ལས་རྣམ་ཡར་འཕར་བཅས་ལ་རྒྱུན་ཆད་མེད་པར་སྐུལ་སྤེལ་བཏང་ནས་གསར་བརྗེའི་རིག་གནས་ཀྱི་དོན་གོ་ཆོད་དུ་འཇུག་པ་དང་སྐད་གྲགས་གང་སར་ཁྱབ་པ་བྱེད་དགོས། ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་བཅོས་སྐྱོང་ལ་སྐུལ་སྤེལ་གཏོང་དགོས་ཤིང་། “ཏང་འཛུགས་དང་དྲ་མིག”སྤྱི་ཚོགས་བཅོས་སྐྱོང་ནང་བེད་སྤྱད་དེ་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། བཅོས་སྐྱོང་མ་ལག་ལེགས་སུ་གཏོང་བ། མཉམ་བཅོས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་གོམ་སྟབས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་ཞིང་ཁའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཞིང་ལས་ཐོན་སྐྱེད་སྔར་བས་འཕྲུལ་ཆས་ཅན་དང་། ཆེད་ལས་ཅན།དེང་རབས་ཅན་བཅས་སུ་འགྱུར་བ་བྱས་ཏེ་ཞིང་ཁའི་ཐོན་འཕར་དང་། ཞིང་ལས་ཐོན་འཕར་ཡོང་བ། ཞིང་པར་འབབ་འཕར་ཡོང་བ་བཅས་ཀྱི་ཐད་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་མཁོ་འདོན་བྱེད་པ་དང་གྲོང་གསེབ་དར་རྒྱས་ཡོང་ཆེད་སྒུལ་ནུས་གསར་པ་སྣོན་དགོས་ཅེས་བསྟན།

སེར་ཚ་ཤང་དུ་ཀྲོང་ཅིན་སུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་ཚུལ་དང་མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་དྲིལ་བསྒྲགས་སློབ་གསོའི་རྣམ་པ་དང་བྱ་ཐབས་གསར་གཏོད་བྱེད་དགོས་ཤིང་། མང་ཚོགས་ཀྱི་སྐད་ཆའི་ལམ་ནས་ཏང་གི་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་ཁ་གསལ་ཞིང་གནད་ལ་འཁེལ་བའི་ཐོག་ནས་འགྲེལ་བཤད་བྱེད་དགོས། ཆོས་ལུགས་ལས་དོན་དོ་དམ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཤིང་།“འདུ་ཤེས་གསུམ”གྱི་སློབ་གསོ་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཆོས་ལུགས་ལས་དོན་གྱི་དོ་དམ་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན། རྒྱུན་གཏན་ཅན་བཅས་ལ་སྐུལ་འདེད་གཏོང་བ།“རིག་ལྡན་དགོན་སྡེའི”དོ་དམ་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཅེས་བསྟན།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྟེང་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་ཝེ་ཝན་ནན་ཞུགས་ཡོད།