国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月26日

ཁྲུང་ཆིན་དུ “ཆབ་མདོའི་སྤུས་ལེགས་ཐོན་རྫས”འགྲེམས་སྟོན་བྱས་པ།

འཛད་སྤྱོད་པས་དངོས་ཟོག་ཉོ་སྒྲུབ་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།“བདེ་སྐྱིད་ལྡན་པའི་བོད་ལྗོངས།·འཚོ་བ་དགའ་བས་ལོངས་སུ་སྤྱོད”ཅེས་པའི་ས་མཐོའི་ཞིང་ཞོར་ཐོན་རྫས་བྲིན་འཚོང་བྱེད་སྒོའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས“2024ལོའི་འཛད་སྤྱོད་སྐུལ་འདེད་ལོའི”སྤྱིའི་ལས་དོན་བཀོད་སྒྲིག་ལ་དམིགས་ནས། ཁག་བཅུ་པའི་ཁྲུང་ཆིང་བོད་སྐྱོར་ལས་དོན་རུ་ཁག་དང་མཉམ་དུ་འགན་སྒྲུབ་བྱས་པའི་ཁྲུང་ཆིན་དུ “ཆབ་མདོའི་སྤུས་ལེགས་ཐོན་རྫས”འགྲེམས་སྟོན་ཞེས་པའི་བྱེད་སྒོ་དེ་ཉིན་ཤས་གོང་ཁྲུང་ཆིང་དུ་མཇུག་འགྲིལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་དེ་ཟླ་11ཚེས་14ནས་16ཉིན་བར་ཁྲུང་ཆིང་གྲོང་ཁྱེར་ཧྲ་ཕིང་པ་འགག་གསུམ་ཐང་ཆེན་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། འགྲེམས་ཚོང་བྱ་ཡུལ་དུ་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་དབྱར་རྩྭ་དགུན་འབུ་དང་། རི་བོ་ཆེ་རྫོང་གི་ཚགས་ཤ་སྐམ་པོ། དཔའ་ཤོད་རྫོང་གི་བྲ་བོའི་ཇ། ལྷོ་རོང་རྫོང་གི་རྩམ་པ་སོགས་རྫོང(ཆུས)11གི་སྤུས་ལེགས་ཞིང་ཞོར་ཐོན་རྫས་དང་། ཆབ་མདོའི་ཁྱད་ལྡན་བོད་སྨན་གྱི་སྨན་རྒྱུ་དང་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་གཅིག་རྗེས་གཉིས་མཐུད་ངང་འགྲེམས་སྟོན་བྱས་ནས་ཆབ་མདོའི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་ས་ཁོངས་རིག་གནས་གང་ལེགས་མངོན་པ་དང་འཛད་སྤྱོད་པ་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།

འགྲེམས་ཞུགས་ཚོང་དུད་ཀྱིས་གསར་འགོད་པར་བྱེད་སྒོ་སྤེལ་རིང་ས་གནས་ས་ཐོག་ཏུ་ཐོན་རྫས་རིགས་96བྲིན་འཚོང་བྱས་པར་ཡོང་འབབ་སྒོར་ཁྲི་73.52ཟིན་པ་དང་འདོད་བློར་གཞིགས་ནས་མངགས་ཐོ་སྒོར་ཁྲི་200ལྷག་ཙམ་ཟིན་ཡོད་ཅེས་བཤད།