国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月26日

ཆབ་མདོ་གྲོང་ཁྱེར་གྱི2024ལོའི་གྲོང་ཁྱེར་རིམ་པའི“ཁྱིམ་ཚང་ཡག་ཤོས”ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11ཚེས22ཉིན་གྱི་ཕྱི་དྲོར། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་ནས་འཚོགས་པའི་ཆབ་མདོ་གྲོང་ཁྱེར་གྱི2024ལོའི་གྲོང་ཁྱེར་རིམ་པའི“ཁྱིམ་ཚང་ཡག་ཤོས”ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་ལས་རིགས་ཁག་དང་བྱ་གཞག་ཁག་གི་ཁྱིམ་ཚང7གྱི་འཐུས་མི་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག བྱ་དགའ་ཐོབ་པའི་ཁྱིམ་ཚང་གི་འཐུས་མིས་གཏམ་བཤད་སྤེལ་བ་དང་། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཕུལ་བྱུང་གི་ཁྱིམ་ཚང7ལ་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་དང་བྱ་དགའ་སྤྲད་ཡོད། བྱ་དགའ་ཐོབ་པའི་ཁྱིམ་ཚང་གིས་དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྱིམ་ཚང་གི་ཁྱིམ་སྲོལ་བཟང་པོ་རྒྱུན་འཛིན་ཡག་པོ་དང་།ཁྱིམ་སྲོལ་བཟང་པོར་བརྟེན་ནས་དམངས་སྲོལ་ལ་སྐུལ་ཁྲིད་ཡག་པོ། ཁྱིམ་ཚང་ཁྲི་སྟོང་མང་པོ་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་ཡར་ཐོན། སྤྱི་ཚོགས་ཞི་མཐུན་བཅས་ཀྱི་གཞི་རྩ་གལ་ཆེན་དུ་གྱུར་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་ལ་ཁྱིམ་ཚང་གི་དྲང་ནུས་ཟམ་མི་ཆད་པར་མཁོ་འདོན་བྱ་རྒྱུའི་སྐུལ་ལྕག་བཏང་ཡོད།