འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11ཚེས21ཉིན་གྱི་སྔ་དྲོར།བྱིས་པའི་ཁ་སྦུག་བདེ་ཐང་ལ་གཅེས་སྐྱོང་བྱེད་པའི་སྤྱི་ཕན་བྱ་སྤྱོད་དེ་ཆབ་མདོ་གྲོང་ཁྱེར་ཕན་བདེ་ཁང་གཉིས་པར་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། ཁ་ནད་སྨན་པ་ཚོས་ཕན་བདེ་ཁང་གི་ཕྲུ་གུ་ཚོར་ཁའི་ནད་སྔོན་འགོག་དང་སྨན་བཅོས་བྱེད་སྟངས་འགྲེལ་བཤད་ཁ་གསལ་བརྒྱབ་པ་མ་ཟད། སོ་འཁྲུད་ཐབས་སོགས་ལ་གསལ་བཤད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་གོའི་སོ་ནད་འགོག་བཅོས་ཐེབས་རྩ་ལྷན་ཚོགས་ཀྱིས་ཆབ་མདོ་གྲོང་ཁྱེར་ལྗང་མྱུག་ཁ་སྦུག་སྨན་བཅོས་ཁང་དང་མཉམ་དུ་སྤེལ་བ་ཞིག་རེད། བྱེད་སྒོ་སྤེལ་ཡུལ་དུ་བྱིས་པ80ལ་ཁྱོན་སོ་སྨན་དང་སོ་ཤད220སྤྲད་པ་རེད།

