国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月26日

གྲོང་ཁྱེར་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས71པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11ཚེས22ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས71པར་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན་བཅས་རབ་དང་རིམ་པའི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་ཚན་པའི་ལས་དོན་སྙན་སེང་ལ་གསན་པ། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད།

ཧྲི་ཀྲང་གཞོན་པ་སྒྲོལ་དཀར་དང་། ཕུའུ་ཡུས་ཧུས། ཉི་མ་ཚེ་རིང་། ཤའེ་ཝུན་ཀོང་།ཐོགས་མེད་ཤེས་རབ། དབྱང་ཝུན་ཧྲེང་བཅས་ཞུགས་ཡོད།

གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསོད་ནམས་དར་རྒྱས་དང་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་དབང་ལིས་ཚོགས་འདུ་ཟུར་ཞུགས་བྱས་ཡོད།

ལའོ་ཆིན་འུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་ཀྱི་དུག་འགོག་དང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། བཟའ་བཅའ་དང་སྨན་རྫས་བདེ་འཇགས། ཡིག་འབུལ་ཞུ་བཅར། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དེས་ང་ཚོས་མིག་སྔའི་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ནས་ཕན་འབྲས་དངོས་ཐོན་པར་བྱེད་དགོས་ཞེས་བསྟན།

ཚོགས་འདུའི་ཐོག་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་ཚན་པའི་དགོངས་སྐོར་དོན་ཚན་ལ་ཞིབ་འཇུག་བྱས་པ་རེད། ལའོ་ཆིན་འུའུ་ཡིས་གཡུ་ལུང་ཟངས་གཏེར་ཁེ་ལས་ཀྱིས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་། གཏེར་ལས་འབྱུང་འཕྲོད་ཐན་ཉུང་གི་ཕྱོགས་སུ་མགྱོགས་མྱུར་སྒྱུར་དགོས། འབྲེལ་ཡོད་ཚན་པས་དུས་ཐོག་ཏུ་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པའི་ལས་ཀ་ལེགས་པར་སྒྲུབ་དགོས་པ་དང་། མ་དངུལ་བེད་སྤྱོད་ཁྲིད་སྟོན་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་མ་དངུལ་དགོས་གཏུག་ཆེ་སར་སྤྱོད་པ་དང་དམངས་འཚོའི་ཐོག་ཏུ་ཏན་ཏིག་སྤྱོད་དགོས། སྒྲིག་སྲོལ་དང་གོ་རིམ་ལྟར་རང་གྲོང་ཁྱེར་གྱི2024ལོའི་ཚོང་ར་ཅན་གྱི་རླུང་གློག་འོད་ཤུགས་དང་ཚ་ནུས་གློག་འདོན་ལས་གཞི་ལག་བསྟར་ཡག་པོ་བྱེད་པ་དང་། ལས་གཞི་ཁག་ལ་མ་དངུལ་འཇོག་པའི་ཁེ་ལས་ཀྱིས་གོ་རིམ་ལྟར་ལས་གཞིའི་དུས་འགོའི་བྱེད་སྒོ་ནན་པོ་སྤེལ་བར་སྐུལ་འདེད་གཏོང་བ། ལས་གཞི་འཛུགས་སྐྲུན་དང་མཐུན་པའི་ལས་མི་བཀོལ་སྤྱོད་དང་རྒྱུ་ཆ་སྤྱོད་པའི་ཆ་རྐྱེན་གཅིག་མཚུངས་འོག་ཁེ་ལས་ཀྱིས་སྔོན་ལ་ངལ་རྩོལ་དང་ཐོན་རྫས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། ས་གནས་དེ་གའི་མང་ཚོགས་ལ་ཡོང་སྒོ་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་དགོས།གྲོང་གསེབ་ཕྱོགས་བསྡུས་ཀྱིས་གཏོང་སྤྲོད་སྤོ་བསྒྱུར་མ་དངུལ་གྱི་ལས་གཞི་གྲབས་གསོག་བྱ་བ་ལེགས་སྒྲུབ་ཏན་ཏིག་བྱེད་པ་དང་། མ་དངུལ་གྱི་གཏོང་སྒོའི་མྱུར་ཚད་མགྱོགས་སུ་གཏོང་བ། མ་དངུལ་དོ་དམ་དང་བེད་སྤྱོད་བྱེད་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མ་དངུལ་བེད་སྤྱོད་བྱེད་པའི་ཚད་གཞི་དང་ཕན་འབྲས་དངོས་ཆེ་རུ་ཏན་ཏིག་གཏོང་དགོས་ཞེས་བསྟན།

ཚོགས་འདུའི་ཐོག་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།