འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས21ཉིན་གྱི་ཕྱི་དྲོར། གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་བཅོ་ལྔ་པ་དང་“ཆབ་མདོའི་འཆད་སྟེགས”ཐེངས་བཅུ་བདུན་པ་འཚོགས་ནས་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་མ་ཟད། བརྙན་ལམ་སྦྲེལ་མཐུད་ཀྱི་རྣམ་པའི་ཐོག་ནས་ཀྲུང་དབྱང་ཏང་གི་སློབ་གྲྭའི་རིག་གནས་ལོ་རྒྱུས་སློབ་དཔྱོད་པུའི་དགེ་རྒན་ཆེ་མོ་བ་ཀྲང་ཁྲེང་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་དམིགས་ཏེ་གནང་བའི་ཆེད་དོན་ཟུར་ཁྲིད་སྙན་ཞུ་ཉན་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་གནང་ཡོད།
ཝང་ཡ་ཏུང་དང་། ཀྲང་ཅན་ཧྭ། ལུའེ་གོ་ཅན། ཀྲང་ཝུན་ཧྲེང་དང་། དངོས་གྲུབ་ཟླ་བ། ཀྲའོ་པིང་། ཝང་ཧྲི་ཡུས། ཅ་ཤིན་ཡུས་བཅས་ཚོགས་འདུ་ཞུགས་ཡོད། ལའོ་ཆིན་འུའུ་ཡིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པས་རང་རྒྱལ་གྱི་དུས་རབས་གསར་པའི་རིག་གནས་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱས་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་དེ་བས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བསྣན་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྐྱོད་པར་ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་དོན་སྙིང་གལ་ཆེན་དང་། གནས་བབ་གལ་ཆེན། ནུས་པ་བཅས་ལ་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་ཆབ་མདོའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། གཅིག་ནས“ཟུང་འབྲེལ་གཉིས”མཐའ་འཁྱོངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་འཛིན་པའི་ཆབ་སྲིད་ཀྱི་མོས་སེམས་དང་།དགོངས་པའི་མོས་སེམས། རིགས་པའི་གཞུང་ལུགས་ཀྱི་མོས་སེམས།
བརྩེ་དུང་གི་མོས་སེམས་བཅས་རྒྱུན་མཐུད་ཆེ་རུ་བཏང་ནས་ལག་ལེན་གྱི་རིན་ཐང་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཁག་གཅིག་བཏོན་ནས་ཆབ་མདོའི་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་ཟམ་མི་ཆད་པར་དར་རྒྱས་གོང་འཕེལ་གཏོང་དགོས། གཉིས་ནས་སྤྱི་ཚོགས་ཀྱི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱེད་པ་དང་།“གསར་བརྗེའི་ཆབ་མདོ”རྨང་གཞིར་བྱེད་པ།“མཐའ་དག་ཤར་ཕྱོགས་ལ་མིག་དཔེ་ལྟ་བ་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་སྐྲུན་པའི”དམིགས་ཚད་ལས་འགན་ལ་དམིགས་པ་བཅས་བྱས་ནས་བློ་བརྟན་འགྱུར་མེད་དང་དཔའ་ངར་ཆེར་སྐྱེད་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་དགོས། གསུམ་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་རྒྱས་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་ནས་རིག་དངོས་ཤུལ་བཞག་ལ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་གྱི་འདུ་འགོད་ལག་ལེན་བསྟར་ནས་བསམ་པའི་རིག་གནས་ཀྱི་མཐོ་ས་གང་ལེགས་བསྐྲུན་དགོས། བཞི་ནས་མི་དམངས་ལྟེ་བར་འཛིན་པའི་ལས་ཀའི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་རིག་གནས་ལ་བརྟེན་ནས་དམངས་ལ་ཕན་འདོགས་པ་དང་། སྤུས་ལེགས་རིག་གནས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། སྤྱི་པའི་རིག་གནས་ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱེད་ནས་སྤྱི་པའི་རིག་གནས་ཞབས་ཞུའི“མཐའ་མའི་འགག་གནད”མེད་པ་བཟོ་དགོས། ལྔ་ནས་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་ལས་ཀའི་རྣམ་པ་སྟོན་རྒྱུར་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་རྒྱུ་མུ་མཐུད་རྒྱ་ཆེར་གཏོང་བ་དང་། ཆབ་མདོའི་གཏམ་རྒྱུད་ཡག་པོ་ཤོད་པ། རིག་གནས་སྤེལ་རེས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཆབ་མདོའི་དབྱེ་འབྱེད་བྱེད་ཚད་དང་། སྐད་གྲགས་ཆོད་ཚད། མཚན་སྙན་ཐོབ་ཚད་བཅས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། དྲུག་ནས་འདུ་ཤེས་འཛིན་སྟངས་ཐད་ཀྱི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བཟོ་བ་དང་བརྟན་པོ་བསྲུང་རྒྱུ་མཐའ་འཁྱོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། ལོག་སྤྱོད་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། གཞི་རིམ་གྱི་འཐབ་ས་བརྟན་དུ་གཏོང་བ། དོ་དམ་དྲ་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་དྲ་སྦྲེལ་འདི་ཉིད་བྱ་གཞག་འཕེལ་རྒྱས་ཀྱི་འཕར་ཚད་ཆེ་ཤོས་སུ་འགྱུར་བ་བྱེད་དགོས། བདུན་ནས་ཏང་གིས་རིག་གནས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་པར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ལ་འགོ་ཁྲིད་བྱེད་པའི་དབང་ཆ་དང་། དོ་དམ་བྱེད་པའི་དབང་ཆ། སྐད་ཆ་ཤོད་པའི་དབང་ཆ་བཅས་ཁོང་དུ་ཡག་པོ་ཆུད་ཐུབ་པ་བྱེད་པ་དང་། རིག་གནས་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་རྒྱུན་མི་ཆད་པར་འཕེལ་བ་བྱེད་པ། གཞི་རིམ་གྱི་གསར་གཏོད་ལག་ལེན་ཁྲོད་ནས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་དཀའ་གནད་སེལ་བའི་བྱེད་ཐབས་དང་ཐབས་ལམ་རྙེད་མཁས་པ་བྱས་ཏེ། རིག་གནས་ཀྱི་འགན་འཁྲི་གསར་པ་ཏན་ཏིག་གིས་འཁུར་དགོས་ཞེས་གསུངས།

