འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས18ཉིན་གྱི་ཕྱི་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཀྲུང་གོའི་གསར་འགྱུར་ཁང་ཡུན་ནན་ཡན་ལག་ཁང་གི་འགོ་བ་ཝང་ལིན་གྱིས་སྣེ་ཁྲིད་པའི་བཅར་འདྲི་ཚོགས་པ་དང་མཇལ་འཕྲད་གནང་བ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅཱ་ཤིན་ཡུས་ཞུགས་ཡོད།
ཀྲོང་ཅིན་སུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཝང་ལིན་དང་བཅས་པ་ཆབ་མདོར་བཅར་འདྲི་བྱེད་དུ་ཕེབས་པར་དགའ་བསུ་ཞུས་པ་དང་། ཀྲུང་གོའི་གསར་འགྱུར་ཁང་གིས་དུས་ཡུན་རིང་པོའི་ནང་ཆབ་མདོའི་ལས་དོན་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་ཆབ་མདོ་གྲོང་ཨུད་ཀྱིས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་སྒུག་ལ་དམ་པོར་དམིགས་ཏེ།“ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར”བསྐྲུན་པ་དང་། གྲོང་ཁྱེར་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་དང་། ཏང་ཀྲུང་དབྱང་། ལྗོངས་ཏང་ཨུད་བཅས་ཀྱི་རྗེས་སུ་འབྲངས་ཏེ་རྒྱང་ལམ་གསར་འབད་པས་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་རྣམ་པ་གསར་པ་དང་བྱས་རྗེས་གསར་པའི་ཐོག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། མིག་སྔར་གྱི་ཆབ་མདོ་ནི་མི་དམངས་བདེ་སྡོད་ལས་བརྩོན་དང་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་ཀྱི་རྣམ་པ་གསར་པ་མངོན་ཡོད། གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་། ཆབ་མདོའི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ། ཀྲུང་གོའི་གསར་འགྱུར་ཁང་གི་རྒྱབ་སྐྱོར་ཤུགས་ཆེན་བཅས་དང་ཁ་འབྲལ་ཐབས་མེད་ཅེས་གསུངས།
ཀྲོང་ཅིན་སུང་གིས་ཆབ་མདོ་ནི་ཟླ་ཆུའི་འགོ་ཁུངས་ཡིན་ལ། རྫ་ངོམ་ཆུ་གཉིས་བཞུར་ཏེ་ཁ་རུབ་ཆུས་སུ་འདྲེས་པས་ན་ཟླ་ཆུ་ཞེས་འབོད། དེ་ནི་ངེད་གྲོང་ཁྱེར་གྱི་ཆུས1དང་རྫོང7ནས་བརྒྱུད་དེ་འབབ་ཀྱིན་ཡོད་ལ། ཆུ་རྒྱུད་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ38900ཟིན་གྱིན་ཡོད། ཆབ་མདོ་ནི་ཟླ་ཆུའི་སྟོད་རྒྱུད་ཀྱི་ས་ཁུལ་ཞིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་འགན་འཁྲི་འཁུར་སེམས་ཀྱི་རྣམ་འགྱུར་གྱི་ཐོག་ནས་རང་ངོས་ཀྱི་སྲུང་སྐྱོབ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་མཉམ་དུ་མཐའ་འཁོར་གྱི་ཞིང་ཆེན་དང་། གྲོང་ཁྱེར(ས་ཁུལ)དང་སྦྲེལ་མཐུད་མཉམ་ལས་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ། ཐུན་མོང་ཐོག་ཟླ་ཆུའི་ཚན་རིག་བཅོས་སྐྱོང་གསར་སྤེལ་དང་འགྲམ་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས། ཀྲུང་གོའི་ཤིན་ཧྭ་གསར་འགྱུར་ཁང་ནི་ཤུགས་རྐྱེན་ཧ་ཅང་ཆེ་བའི་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱིའི་རང་བཞིན་གྱི་གསར་འགྱུར་འཕྲིན་གཏོང་ཁང་ཞིག་ཡིན་པས། ད་ཐེངས་ཆབ་མདོར་ཕེབས་ནས་ཟླ་ཆུའི་འབབ་རྒྱུད་དུ་བཅར་འདྲིའི་བྱེད་སྒོ་ཆེ་གྲས་སྤེལ་ཏེ། ཟླ་ཆུའི་འབབ་རྒྱུད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཡུར་ཟའི་གྲུབ་འབྲས་དང་ངོ་མཚར་ཆེ་བའི་གཏམ་རྒྱུད་འཛམ་གླིང་ལ་བསྒྲགས་ཏེ། ཟླ་ཆུའི་འབབ་རྒྱུད་དུ་མཉམ་ལས་སྤེལ་རེས་ལ་སྐུལ་འདེད་ཐེབས་ངེས་ཡིན། ཀྲུང་གོའི་གསར་འགྱུར་ཁང་གིས་སྔར་བཞིན་ཆབ་མདོར་རྒྱབ་སྐྱོར་དང་རོགས་རམ་གནང་སྟེ་ཐོན་ཁུངས་ཀྱི་ལེགས་ཆ་དང་བརྒྱུད་སྤེལ་གྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱེད་པ་དང་། ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་ཟླ་ཆུའི་འབབ་རྒྱུད་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་ཁྱད་ཆོས་གསར་པར་དམ་པོར་དམིགས་ནས། གཏིང་ཟབ་པ་དང་ཤུགས་རྐྱེན་ཆེ་བའི་གསར་འགྱུར་ཁག་ཅིག་གསར་གཏོད་དང་ཇུས་འགོད་བྱས་ཏེ། ཆབ་མདོའི་གཟུགས་བརྙན་བཟང་པོ་གཏོད་པའི་རེ་བ་ཡོད་ལ། ཆབ་མདོས་ཀྱང་ཞབས་ཞུའི་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབས་ནས་ཟླ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་དང་ཟླ་ཆུའི་རྒྱུད་ཀྱི་མཉམ་ལས་ལམ་སྲོལ་འཛུགས་ཆེད་ཆབ་མདོའི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས།
ཝང་ལིན་གྱིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་བཅར་འདྲིའི་ཚོགས་པའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། ཁོང་གིས་ད་ཐེངས་ཀྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་བརྒྱུད་ཆབ་མདོའི་ཟླ་ཆུའི་རྒྱུད་ཀྱི་བརྗིད་ཆགས་མཛེས་སྡུག་ལྡན་པའི་རི་ཀླུང་དང་མཛེས་སྡུག་ལྡན་པའི་སྐྱེ་ཁམས། ཞི་མཐུན་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་མྱོང་ཚོར་གཏིང་ཟབ་ཐུབ་ཡོད། ཀྲུང་གོའི་གསར་འགྱུར་ཁང་གིས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་པར་རིས་དང་ཡི་གེའི་ལམ་ནས་ཆབ་མདོའི་འཕེལ་རྒྱས་དང་འགྱུར་ལྡོག་ཟིན་ཐོར་བཀོད་དེ་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་གླེང་ནས་ངོས་འཛིན་གཅིག་མཐུན་དང་མི་སེམས་གཅིག་སྒྲིལ། སྟོབས་ཤུགས་གཅིག་བསྒྲིལ་བཅས་རྒྱ་ཁྱབ་ངང་ཆབ་མདོའི་གཏམ་རྒྱུད་ཡག་པོ་བརྗོད་རྒྱུ་ཡིན་པའི་བསམ་པ་བསྟན་ཡོད།