国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月22日

ནུས་ཕྱོད་ཆེ་བའི་གྲངས་འཛིན་སྲིད་གཞུང་ཧུར་ཐག་གཏོད་དེ་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཆབ་མདོ་གྲོང་ཁྱེར་གཞི་གྲངས་ཆེན་མོའི་ལྟེ་གནས་སུ་ཕེབས་ཏེ་ཆབ་མདོ་གྲོང་ཁྱེར་གཞི་གྲངས་ཆེན་མོའི་ལྟེ་གནས་འཛུགས་སྐྲུན་བྱས་ཚུལ་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་གནང་ཞིང་། ཁོང་གིས་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ནུས་ཕྱོད་ཆེ་བའི་གྲངས་འཛིན་སྲིད་གཞུང་ཧུར་ཐག་གཏོད་དེ་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་ཡོད།

ལའོ་ཆིན་འུའུ་དང་། ཝང་ཡ་ཏུང་། ཀྲང་ཝུན་ཧྲན། ཅཱ་ཤིན་ཡུས། ཐོགས་མེད་ཤེས་རབ་བཅས་རྟོག་ཞིབ་ནང་ཞུགས་ཡོད།

ཆབ་མདོ་གྲོང་ཁྱེར་གཞི་གྲངས་ཆེན་མོའི་ལྟེ་གནས་ཀྱི་ལས་སྒོའི་ལག་རྩལ་ཁང་པའི་རྣམ་གྲངས2023ལོའི་ཟླ9པར་ཞིབ་བཤེར་རྩིས་ལེན་ལེགས་གྲུབ་ཟིན་པ་དང་། མ་ལག་རྣམ་གྲངས་དེ་འདི་ལོའི་སྤྱི་ཟླ10པར་འཛུགས་ལེགས་གྲུབ་ཐུབ་པ་མ་ཟད་ཚོད་ལྟའི་གཉེར་སྐྱོང་བྱ་རྒྱུ་རེད། གྲོང་ཁྱེར་ཡོངས་ཀྱི་གསང་བ་དང་འབྲེལ་བ་མེད་པའི་ཆ་འཕྲིན་མ་ལག་ལ་སྲིད་དོན་སྤྲིན་རྩིས་དང་། འཕྲུལ་ཁང་ཚབ་གཉེར། གཞི་གྲངས་མཉམ་སྤྱོད་བརྗེ་རེས་སོགས་མཁོ་སྤྲོད་བྱས་པའི་ཞབས་ཞུའི་ནུས་པ་ལྡན་ཡོད་པ་རེད། ཀྲོང་ཅིན་སུང་སྔ་རྗེས་སུ་གཞི་གྲངས་དང་བརྒྱུད་སྐྱེལ་འཕྲུལ་ཁང་། གཞུང་དོན་ཁང་། བཀོད་འདོམས་ཚོམས་ཆེན་སོགས་སུ་ཕེབས་ནས་སྒྲིག་གཞི་འཁོར་རྒྱུག་དང་མི་སྣ་བསྐོ་གཞག་སོགས་ཀྱི་གནས་ཚུལ་ཤེས་པར་ནན་ཏན་གནང་བ་དང་། གཞི་གྲངས་ཆེན་མོའི་ལས་སྟེགས་དང་གཞི་གྲངས་མཉམ་སྤྱོད་བརྗེ་རེས་ལས་སྟེགས་ཀྱི་འཕེལ་རིམ་ལ་ལྟ་ཞིབ་གནང་བ། གཞི་གྲངས་ཆེན་མོའི་འཛུགས་སྐྱོང་གནས་ཚུལ་གྱི་སྙན་ཞུར་གསན་པ་བཅས་གནང་ནས་འབྲེལ་ཡོད་ཚན་པའི་འགན་འཁུར་བ་དང་མཉམ་དུ་གཞི་གྲངས་ཆེན་མོའི་ལྟེ་གནས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་། མིག་སྔར་གནས་པའི་གནད་དོན། དེ་བཞིན་ཐག་གཅོད་བྱེད་ཐབས་སོགས་ཀྱི་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།

ཀྲོང་ཅིན་སུང་གིས་ཆབ་མདོ་གྲོང་ཁྱེར་གྱི་གཞི་གྲངས་ཆེན་མོའི་ལྟེ་གནས་འཛུགས་སྐྲུན་གྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོང་གིས་ཆབ་མདོ་གྲོང་ཁྱེར་གྱི་གཞི་གྲངས་ཆེ་མོའི་ལྟེ་གནས་བསྐྲུན་པ་དེ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི“དྲ་རྒྱའི་སྟོབས་ཆེའི་རྒྱལ་ཁབ་དང་གྲངས་འཛིན་ཀྲུང་གོའི”འཐབ་ཇུས་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ། རང་གྲོང་ཁྱེར་གྱིས་གཞི་གྲངས་ཆེ་མོ་མཉམ་འདྲེས་མཉམ་སྤྱོད་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ཀྱང་ཡིན་པ་དེས་ཏང་ཨུད་སྲིད་གཞུང་གི་ཐབས་ཇུས་ཚན་རིག་ཅན་དང་། སྤྱི་ཚོགས་བཅོས་སྐྱོང་གནད་སྨིན་ཅན། སྤྱི་པའི་ཞབས་ཞུ་ནུས་ཆེ་ཅན་བཅས་ལ་འདེགས་སྐྱོར་ནུས་ལྡན་དང་ལག་རྩལ་གྱི་འགན་ལེན་ནུས་ལྡན་མཁོ་འདོན་ཐུབ་རྒྱུ་རེད། རིམ་པ་སྡེ་ཚན་ཁག་གིས་བློ་ཐག་ཆོད་པོས་ཞབས་ཞུའི་ནུས་པ་ཁག་ཆ་ཚང་འཛུགས་སྐྲུན་ཐུབ་པ་བྱེད་ནས་གྲོང་ཁྱེར་ཡོངས་ཀྱི་གསང་བ་དང་འབྲེལ་བ་མེད་པའི་ཆ་འཕྲིན་བསྡུ་སྒྲིལ་དང་འབྲེལ་མཐུད་ཡག་པོ་བྱེད་ནས་གཞི་གྲངས་ཀྱི་འགོག་རྐྱེན་མེད་པ་བཟོས་ཏེ་གཞི་གྲངས་མཉམ་སྤྱོད་ཐུབ་པ་བྱེད་དགོས། ཆབ་མདོ་གྲོང་ཁྱེར་གྱི་གཞི་གྲངས་ཆེན་མོའི་ལྟེ་གནས་བློ་ཐག་ཆོད་པོས་བེད་སྤྱོད་ཡག་པོ་བྱེད་ནས་མང་ཚོགས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་བྱ་རྒྱུ་དེ་གཞི་གྲངས་ཆེན་མོ་འཛུགས་སྐྲུན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས“མཉམ་སྦྲེལ་དྲ་རྒྱ་དང་སྲིད་དོན་ཞབས་ཞུ”གཏིང་ཟབ་ཏུ་གཏོང་དགོས། ཚན་རིག་དང་མཐུན་ཅིང་གནད་ལ་འཁེལ་བའི་སྒོ་ནས་གཞི་གྲངས་དབྱེ་ཞིབ་བྱེད་པ་དང་། ཉེར་སྤྱོད་རྣམ་པ་དང་སྲིད་དོན་ཞབས་ཞུ་དེ་བས་མང་བ་གསར་གཏོད་བྱེད་པ་བཅས་བྱེད་དགོས། ཆ་འཕྲིན་བདེ་འཇགས་ཀྱི་འགག་སྒོ་ཡག་པོ་སྲུང་ནས་གཞི་གྲངས་འཚོལ་བསྡུ་དང་། བརྒྱུད་འདྲེན། བརྗེ་རེས། གསོག་འཇོག བེད་སྤྱོད། མེད་པ་བཟོ་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་བདེ་འཇགས་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ཆ་འཕྲིན་སྲུང་སྐྱོང་སོགས་ཐད་ཀྱི་ཁྲིམས་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་ནས་གཞི་གྲངས་ཀྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། ལས་ཀའི་འཁོར་སྐྱོད་ལམ་སྲོལ་སྔར་བས་ཁ་གསལ་བཟོ་བ་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་གྲངས་གཅིག་སྡུད་བྱ་རྒྱུ་དེ་ལས་ཀའི་འགན་འཁྲི་དང་བླང་བྱར་བརྩིས་ཏེ་གཞི་གྲངས་ཁག་མ་ལག་ཅན་དང་སྒྲིག་འཛུགས་ཅན་གྱི་གཞི་གྲངས་ཆེན་མོའི་ལྟེ་གནས་དང་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་གཞི་གྲངས་གསོག་ཉར་བྱས་པ་ལས་སྤྱོད་གོ་ཆོད་དུ་འཇུག་བཅས་བྱེད་ནས་གྲངས་འཛིན་སྲིད་གཞུང་དང་། གྲངས་འཛིན་དཔལ་འབྱོར། གྲངས་འཛིན་སྤྱི་ཚོགས་བཅས་གཞི་གཅིག་ཅན་དུ་བཟོ་བ་དེ་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་ཆ་གསར་པ་བཟོ་བ་དང་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་དགོས་ཞེས་བསྟན་གནང་ཡོད།