国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月22日

ཆབ་མདོ་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཨུ་ཡོན་ལྷན་ཁང་གི2024ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11ཚེས18ཉིན་གྱི་ཕྱི་དྲོར། ཆབ་མདོ་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཨུ་ཡོན་ལྷན་ཁང་གི2024ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིན་འུའུ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་་རེད། ལའོ་ཆིན་འུའུ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་དུ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་ལས་དོན་ཐད་གནང་བའི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་དུས་རབས་གསར་པའི་གྲོང་ཁྱེར་དོ་དམ་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རིམ་པ་ཁག་དང་ཚན་་པ་ཁག་གིས་གྲོང་ཁྱེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཆབ་མདོ་འདི་ཉིད་“འཛུགས་པ་དང་། བསྐྲུན་པ། གཏོད་པ”བཅས་ཀྱི་འཕེལ་རྒྱས་ངེས་གནས་གསར་པ་དང་གྲོང་ཨུད་ཀྱི“ཐམས་ཅད་ཤར་དུ་ཕྱོགས་པ་དང་།ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི”དམིགས་ཚད་ལས་འགན་ལྟར།གྲོང་ཁྱེར་འཆར་འགོད་དང་།འཛུགས་སྐྲུན།དོ་དམ་བཅས་ཀྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་གྲོང་ཁྱེར་དེ་བས་སྡོད་མལ་དང་།བློ་གྲོས།སེམས་ཤུགས་བཅས་ཆེ་རུ་ཧུར་ཐག་གཏོང་དགོས་ཅེས་བསྟན།

ཧྲི་ཀྲང་གཞོན་པ་ཐོགས་མེད་ཤེས་རབ་ཀྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད་པ་རེད།

ཚོགས་འདུའི་ཐོག《ཆབ་མདོ་གྲོང་ཁྱེར་དོ་དམ་ཨུ་ཡོན་ལྷན་ཁང་གི་གཞུང་དོན་གྲོས་མོལ་ལམ་སྲོལ》དང《ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སོལ་རླངས་བདེ་འཇགས་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་ཆེད་ཚན་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《ཆབ་མདོ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་གྱི་ལག་བསྟར་ཇུས་གཞི》《སྤྱི་པའི་རླངས་འཁོར་འཇོག་ས་བཀོད་སྒྲིག་དང་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》《ཆབ་མདོ་གྲོང་ཁྱེར་གྱི་འཛུགས་སྐྲུན་གད་སྙིགས་དོ་དམ་གཏན་འབེབས(ཚོད་ལྟའི་ལག་བསྟར)》སོགས་ལ་གྲོས་ཞིབ་བྱས་ཡོད་པ་རེད།