国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月22日

ངེད་གྲོང་ཁྱེར་གྱིས་བཟའ་བཏུང་ཞབས་ཞུའི་ས་ཚིགས་གཉེར་ནས་རྒན་རྒོན་གྱི་ཚེ་མཇུག་སྐྱིད་སྣང་དོད་པོ་ཡོང་བར་བྱས་པ།

པར་འདི་ནི་རྒན་རྒོན་ཚོས་བཟའ་བཏུང་ལོངས་སུ་སྤྱོད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11ཚེས19ཉིན་གྱི་ཕྱི་དྲོ་གྲོང་ཁྱེར་དམངས་སྲིད་ཅུད་ཀྱིས་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་ཁྲོམ་ཆེན་གཞུང་དུ་རྒན་རྒོན་ལ་བཟའ་བཏུང་ཞབས་ཞུའི་ས་ཚིགས་ཀྱི་སྒོ་བྱང་ཕྱེ་བའི་མཛད་སྒོ་འཚོགས་པ་རེད།

བཟའ་བཏུང་ཞབས་ཞུའི་ས་ཚིགས་ལ་སོང་སྐབས་གནས་དེར་དྲོ་སྐྱིད་ལྡན་ལ་བཀོད་པ་གཙང་བའི་གསོལ་ཚིགས་བཞེས་སའི་ཁོར་ཡུག་དེ་མི་ཚོའི་མིག་ལམ་དུ་གསལ་པོར་མཐོང་བ་དང་། དེའི་ནང་གི་སྒྲིག་ཆས་རྣམས་ཆ་ཚང་ལ། སྒྲོག་ཙེ་དང་རྐུབ་སྟེགས་གྲལ་འགྲིག་པོ་བསྒྲིགས་པ། ཐབ་ཚང་ནང་དུ་གཙང་སྦྲ་ལེགས་པ། ཚལ་གྱི་སྣ་ཁ་མང་བ་བཅས་ལས་འཚོ་བཅུད་དོ་སྙོམས་དང་རྒན་རྒོན་ཚོའི་དགའ་ཕྱོགས་གཉིས་ཀར་ལྟ་རྟོག་ཡག་པོ་ཐུབ་ཀྱི་ཡོད་པ་མཚོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་རྒན་རྒོན་གྱི་ཟ་ཁང་འཛུགས་པའི་བརྒྱུད་རིམ་ནང་གྲོང་ཁྱེར་དམངས་སྲིད་ཅུད་ཀྱིས་ས་གནས་དེ་གའི་རྒན་རྒོན་ཚོའི་བཟའ་བཏུང་གི་དགའ་ཕྱོགས་ལ་བསམ་གཞིག་གང་ལེགས་བྱས་ནས་ཆེད་དུ་བོད་ཟས་ཟ་ཁང་གཉིས་དབར་མཉམ་ལས་གནང་བ་རེད། ཐེམ་ཐོ་ཆབ་མདོ་ནས་ཡིན་པའི་ལོ60དང་དེ་ཡན་གྱི་རྒན་རྒོན་ཡིན་ཕྱིན་བཟའ་བཏུང་ཞབས་ཞུའི་ས་ཚིགས་སུ་བརྒྱ་ཆ་བརྒྱད་གཅོག་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།

གྲོང་ཁྱེར་དམངས་སྲིད་ཅུད་ཏང་ཙུའི་ཁོངས་མི། རིམ་པ་གཉིས་པའི་བརྟག་ཞིབ་པ་དབྱངས་ཧྭ་ལྷ་མོས། ཆབ་མདོ་གྲོང་ཁྱེར་གྱི་རྒན་རྒོན་ལ་བཟའ་བཏུང་གི་ཞབས་ཞུའི་ས་ཚིགས་ཀྱི་སྒོ་བྱང་དངོས་སུ་ཕྱེ་བས། ང་ཚོས་རྒན་རྒོན་ལ་བཟའ་བཏུང་ཞབས་ཞུ་སྒྲུབ་པའི་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་ཟིན་པ་མཚོན་ཡོད། ང་ཚོ་གྲོང་ཁྱེར་དམངས་སྲིད་ཅུད་ཀྱིས“རྒན་རྒོན་གཙོ་བོར་བཟུང་ནས། ཞབས་ཞུ་གོང་དུ་བཀུར”ཞེས་པའི་དམིགས་ཡུལ་ལྟར་མུ་མཐུད་ཞབས་ཞུའི་བརྒྱུད་རིམ་རྒྱུན་ཆད་མེད་པར་ཡག་པོ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་རྒན་རྒོན་ལ་སྤུས་ཀ་ཡག་པ་དང་ཕན་ནུས་ཆེ་བའི་བཟའ་བཏུང་ཞབས་ཞུ་གང་དྲག་བསྒྲུབ་རྒྱུ་ཡིན་ཞེས་བཤད།