国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月22日

གྲོང་ཁྱེར་སྲིད་གྲོས་ཀྱིས“ཆབ་མདོའི་མངོན་མིན་རིག་གནས་ཤུལ་བཞག་སྔོག་འདོན་སྲུང་སྐྱོབ་རྒྱུན་འཛིན་དང་སྙན་ཞུའི་གནས་ཚུལ”ཆེད་དོན་མཐུན་སྦྱོར་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11ཚེས18ཉིན་གྱི་ཕྱི་དྲོར། གྲོང་ཁྱེར་སྲིད་གྲོས་ཀྱིས“ཆབ་མདོའི་མངོན་མིན་རིག་གནས་ཤུལ་བཞག་སྔོག་འདོན་སྲུང་སྐྱོབ་རྒྱུན་འཛིན་དང་སྙན་ཞུའི་གནས་ཚུལ”ཆེད་དོན་མཐུན་སྦྱོར་ཚོགས་འདུ་འཚོགས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཀྲང་ཅན་ཧྭ་ཚོགས་འདུ་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་རེད།

ཀྲང་ཅན་ཧྭ་ཡིས་ཆབ་མདོའི་མངོན་མིན་རིག་གནས་ཤུལ་བཞག་ལ་ཆབ་མདོའི་མི་དམངས་ལ་དམིགས་བསལ་དུ་ཡོད་པའི་བསམ་པའི་རིན་ཐང་དང་བསམ་བློ་གཏོང་སྟངས། བློས་བསླངས་ཀྱི་ནུས་པ་དང་རིག་གནས་ཀྱི་འདུ་ཤེས་བཅས་ལྡན་ཡོད་ལ། ཆབ་མདོའི་མི་དམངས་ཀྱི་སྐྱེ་སྟོབས་དང་གསར་གཏོད་ནུས་པ་ཡང་མཚོན་ཐུབ། ཉེ་བའི་ལོ་ཤས་རིང་། ཆབ་མདོའི་མངོན་མིན་རིག་གནས་ཤུལ་བཞག་སྔོག་འདོན་སྲུང་སྐྱོབ་རྒྱུན་འཛིན་དང་སྙན་ཞུའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཁོང་གིས་གྲོང་ཁྱེར་ཡོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ལས་ཀའི་བསམ་ཕྱོགས་གསལ་བཟོ་དང་འགན་འཁྲི་འཁུར་སེམས་ཆེ་རུ་སྐྱེད་དགོས། མངོན་མིན་རིག་གནས་ཤུལ་བཞག་སྔོག་འདོན་དང་། སྲུང་སྐྱོབ། རྒྱུན་འཛིན་བཅས་ཀྱི་ལག་ལེན་ཁྲོད་ལས་ཀའི་བྱེད་ཐབས་གསར་གཏོད་བྱེད་དགོས་ཤིང་། སྦྱོང་བརྡར་ལ་སྣང་ཆེན་དང་ཡོངས་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། གསོན་ཤུགས་ཆེ་རུ་གཏོང་བ། སློབ་གསོར་སྣང་ཆེན་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན། བརྟག་ཞིབ་བཅས་ཀྱི་གྲུབ་འབྲས་གཞན་སྒྱུར་བྱ་རྒྱུར་མཐོང་ཆེན་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་ཡིག་ཚགས་གྲངས་འཛིན་ཅན་དུ་སྒྱུར་བ་དང་། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དུ་སྙན་སེང་ཞུ་བ། མཚོན་བྱེད་རང་བཞིན་ལྡན་པའི་རྣམ་གྲངས་རྒྱུན་མཐུད་བཅས་ཀྱི་གནས་ཚུལ་དཔྱད་དཔོག་སོགས་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་མངོན་མིན་རིག་གནས་ཤུལ་བཞག་གསར་གཏོད་རང་བཞིན་གྱི་སྒོ་ནས་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་དག་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐུབ་དགའ་ཡིས་ཚོགས་འདུར་གཙོ་སྐྱོང་ཞུས་ཡོད།

ཚོགས་འདུའི་ཐོག གྲོང་ཁྱེར་སྲིད་གྲོས་དང་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུད་ཀྱི་འབྲེལ་ཡོད་བློ་མཐུན་གྱིས“ཆབ་མདོའི་མངོན་མིན་རིག་གནས་ཤུལ་བཞག་སྔོག་འདོན་དང་སྲུང་སྐྱོབ། རྒྱུན་འཛིན། སྙན་ཞུ”བཅས་ཀྱི་བརྟག་ཞིབ་གནས་ཚུལ་དང་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་དང་། ཚོགས་ཞུགས་མི་སྣས་གཏམ་བཤད་སྤེལ་བར་མ་ཟད་བརྗོད་དོན་གཙོ་བོར་དམིགས་ནས་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།