国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月22日

གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི2024ལོའི་སློབ་སྦྱོང་ཚོགས་འདུ་ཐེངས14པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11ཚེས19ཉིན་གྱི་སྔ་དྲོར། གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས2024ལོའི་སློབ་སྦྱོང་ཚོགས་འདུ་ཐེངས14པ་འཚོགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2024ལོའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཚོགས་འདུའི་དགོངས་དོན་དང་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་དགོངས་དོན་དེ་བཞིན་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ཝང་ཡ་ཏུང་དང་། ཆིས་ཡན་ཧའེ། རྡོ་རྗེ་དགྲ་འདུལ། ཀྲའོ་པིང་། ཀྲང་ཝུན་ཧྲན། ཝང་ཧྲི་ཡུས། ཅཱ་ཤིན་ཡུས་བཅས་ཚོགས་འདུ་ཞུགས་ཡོད།

ལའོ་ཆིན་འུའུ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་ཁྲོད་ཀྱི་གནས་བབ་གལ་ཆེན་ཁོང་དུ་ཆུད་པར་བྱས་ཏེ། གསར་གཏོད་རང་བཞིན་གྱི་སྒོ་ནས་འདུ་ཤེས་གསར་པ་དང་དགོངས་དོན་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས།རང་རྒྱལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་ཚུགས་གནས་ཐོག་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་དོན་སྙིང་གལ་ཆེན་དང་། གནས་བབ་ཀྱི་ནུས་པར་ངོས་འཛིན་ཟབ་ཏུ་བཏང་སྟེ། མཛེས་སྡུག་ལྡན་པའི་ཆབ་མདོ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ལྗང་མདོག་རྩ་བ་བརྟན་དུ་གཏོང་དགོས། གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་དད་སེམས་མཁན་ཞིག་བྱེད་དགོས་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་ནང་དོན་དང་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་ཁོང་དུ་ཆུད་པར་བྱེད་ཅིང་། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་སྣོན་རྒྱབ་སྟེ། ཆབ་མདོའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བའི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་རྩོམ་དགོས། གཉིས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་མཁན་ཞིག་བྱེད་དགོས་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྐྱེ་ཁམས་ཤེས་དཔལ་གྱི་སྒྲིག་སྲོལ་སྒྱུར་བཅོས་གཏོང་བའི་དོན་སྙིང་གལ་ཆེན་དང་དམིགས་ཚད་ལས་འགན་ཁོང་དུ་ཆུད་པ་བྱེད་ཅིང་། མཛེས་སྡུག་ལྡན་པའི་ཆབ་མདོའི་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི་བཟོ་བ་དང་། སྐྱེ་ཁམས་སྤུས་རྟགས་རབ་དང་རིམ་པ་བཟོ་བ། ཆབ་མདོའི་སྐྱེ་ཁམས་ཀྱི་རྨང་གཞི་གསལ་པོ་བཟོ་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འགན་ནུས་འདོན་སྤེལ་ཡག་པོ་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས།“ལོ་ལྔ་ཚན་བཅོ་ལྔ་པའི”སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་ཁྲིད་སྟོན་བྱེད་དགོས། གསུམ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པར་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་མཁན་ཞིག་བྱེད་དགོས། འགོ་འཛུགས་ས་གསར་པར་གཞི་ཚུགས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རི་ཆུ་ནགས་ཞིང་དང་། མཚོ། རྩྭ་ཐང་། བྱེ་ས། འཁྱགས་རོམས་བཅས་ལ་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོངབྱེད་པར་མུ་མཐུད་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་བདེ་འཇགས་ཀྱི་དམར་ཐིག་ནན་སྲུང་བྱེད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་། ཐོན་སྐྱེད་འཕེལ་རྒྱས། འཚོ་བ་འབྱོར་ཕྱུག སྤྱི་ཚོགས་ཤེས་དཔལ་ཞི་མཐུན་བཅས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཟོ་དགོས། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་བྱེད་པའི་ཆད་སྐྱོན་མེད་པ་བཟོས་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། སྤུས་ཚད་མཐོར་འདེགས་དང་གྲངས་འབོར་མཆེད་པར་བྱེད་པའི་ལས་གཞི་ལག་བསྟར་བྱེད་ཅིང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གདོང་མཆོང་དམག་དཔུང་ཞིག་འགྱུར་བའི་བརྩོན་ལེན་བྱེད་དགོས་ཅེས་བསྟན།