འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས་20ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཞིང་ལས་གྲོང་གསེབ་དང་། ཚོང་དོན། ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་སྡེ་ཚན་གྱི་འགན་འཁུར་བའི་སྣེ་ཁྲིད་དེ་ཆབ་མདོ་གྲོང་ཁྱེར་གྱི་ཚགས་ཤ་དང་ལུག་ཤའི་ཁ་གསབ་དངུལ་སྤྲོད་པ་དང་ཕྱིར་འཚོང་བྱེད་སྒོ་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།
བྱེད་སྒོ་སྤེལ་ཡུལ་དངོས་སུ། ལུའོ་ཆིན་འུའུ་ཡིས་ལས་བྱེད་མང་ཚོགས་ལ་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་ཚགས་ཤ་དང་ལུག་ཤའི་ཁ་གསབ་དངུལ་སྤྲོད་པ་དང་ཕྱིར་འཚོང་བྱེད་སྒོ་སྤེལ་ཚུལ་དང་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་ཚུལ་སོགས་ཀྱི་གནས་ཚུལ་བཀའ་འདྲི་དང་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་བྱེད་སྒོའི་ཐད་ཀྱི་ཚང་མའི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཉན་པ་རེད། ཁོང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྟོན་དུས་སུ་ཕྱུགས་རིགས་བཤས་གཏོང་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཆབ་མདོ་གྲོང་ཁྱེར་གྱིས་སྤེལ་བཞིན་ཡོད་པའི་2024ལོའི“སྟོན་དུས་སུ་ཞིང་པར་ཡོང་འབབ་འཕར་བར་རོགས་རམ་བྱེད་པ”དང་སྟོན་དུས་སུ་ཕྱུགས་རིགས་བཤས་གཏོང་ནས་ཡོང་འབབ་འཕར་བ་བྱེད་པའི་རིམ་སྤེལ་བྱེད་སྒོ་ནི་ཞིང་འབྲོག་པར་ཡོང་འབབ་འཕར་བ་བྱེད་པའི་ལས་དོན་སྐོར་གྱི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། སྤྱི་ཚོགས་ཡོངས་ནས་ཞིང་ལས་ལ་དོ་ཁུར་དང་། གྲོང་གསེབ་ལ་སེམས་ཁུར། ཞིང་པར་དོ་ཁུར་བཅས་བྱེད་པའི་རྣམ་པ་ཟབ་མོ་ཞིག་བཟོས་ཏེ་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་གཅིག་ཏུ་བསྡུས་ཡོད། བློ་བརྟན་འགྱུར་མེད་ཀྱིས《ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་ཡོང་བ་བྱེད་པའི་སྐོར་གྱི་བྱ་ཐབས་དོན་ཚན་བཅུ》དོན་འཁྱོལ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་མང་ཚོགས་ལ་སྤུས་ལེགས་ཀྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་རོགས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཀྱི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་འཕར་སྣོན་ཏན་ཏིག་ཡོང་བར་གལ་ཆེའི་དོན་སྙིང་ལྡན་ཡོད་ཅེས་བསྟན།
ལའོ་ཆིན་འུའུ་ཡིས་འབྲེལ་ཡོད་སྡེ་ཚན་ལ་ཁྲོམ་རས་གཙོ་ཁྲིད་བྱེད་པ་དང་། མང་ཚོགས་ཀྱིས་གཙོ་བོ་བྱེད་པ། སྲིད་གཞུང་གིས་ཁྲིད་སྟོན་བྱེད་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པ། ཞིང་འབྲོག་མང་ཚོགས་དེའི་ནང་ཧུར་བརྩོན་ཆེན་པོའི་ངང་ཞུགས་པར་ཁྲིད་སྟོན་བྱེད་པ། མང་ཚོགས་ལ་ཕྱིར་འཚོང་ཐབས་ལམ་རྒྱ་ཆེར་གཏོང་རོགས་བཅས་བྱེད་ནས་གྲོང་མིར་སྲིད་ཇུས་ལས་བྱུང་བའི་ཕན་པ་དངོས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས། དེ་དང་དུས་མཚུངས་སུ། རྫོང(ཆུས)ཁག་སྒྲིག་འཛུགས་བྱེད་ནས་ཕྱུགས་རིགས་བཤས་གཏོང་བའི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། ཕྱིར་འཚོང་བྱ་ཡུལ་འདེམས་རྒྱུ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པ། བཟའ་བཏུང་ཁེ་ལས། སློབ་གྲྭ་སོགས་ལ་མཐུན་སྦྱོར་གང་དྲག་བྱེད་ནས་ཕྱུགས་ཟོག་གི་ཤ་དང་ར་ལུག་གི་ཤ་མངགས་ཉོའི་བྱེད་སྒོ་སྤེལ་བ། ཕྱིར་འཚོང་བྱེད་ཚད་མང་དུ་གཏོང་བ་བཅས་བྱས་ནས་ཞིང་འབྲོག་པར་ཡོང་འབབ་འཕར་བར་རོགས་རམ་དང་སྐུལ་ཁྲིད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།