国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月19日

གྲོང་ཁྱེར་འགོ་ཁྲིད་ཀྱིས་ངོ་བཅར་ཞུ་གཏུག་བྱེད་མཁན་མང་ཚོགས་ལ་སྣེ་ལེན་ཞུས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11པའི་ཚེས་15ཉིན། གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཝུའུ་དབྱིང་ཧའེ་ཡིས་ངོ་བཅར་ཞུ་གཏུག་བྱེད་པར་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུས་ནས། མང་ཚོགས་ཀྱི་རེ་འབོད་ཉན་པ་དང་། མང་ཚོགས་ཀྱི་བདེ་སྡུག་ཤེས་པ་བྱས་ཤིང་།ངོ་བཅར་ཞུ་གཏུག་བྱེད་པར་ཡོང་མཁན་མང་ཚོགས་ཀྱི་དོགས་གནད་སེལ་བ་དང་གནད་དོན་ཐག་གཅོད་བཅས་བྱས་པ་རེད།

ཉིན་དེར་ངོ་བཅར་ཞུ་གཏུག་བྱེད་པར་ཡོང་མཁན་མང་ཚོགས་ཚོས་ལས་གྲྭའི་རྒྱུ་ཆའི་གྲོན་དངུལ་འགྱངས་ཆད་སོགས་ཀྱི་གནད་དོན་སྙན་སེང་ཞུས་པ་དང་། ཝུའུ་དབྱིང་ཧའེ་ཡིས་དོན་རྐྱེན་དེ་ཚོའི་དོ་བདག་རྣམས་བསྡུས་ནས་གནད་དོན་གྱི་འབྱུང་རྐྱེན་ཤེས་རྟོགས་ཞིབ་ཕྲ་དང་གནད་དོན་གྱི་གནད་འགག་ལ་དབྱེ་ཞིབ་གསེད་བཀྲོལ་བྱས་ཏེ་ས་གནས་ས་ཐོག་ཏུ་འབྲེལ་ཡོད་ཀྱི་གྲོང་ཁྱེར་རིམ་པའི་སྡེ་ཚན་དང་། གཞུང་ཁོངས་ཁེ་ལས། ལས་གྲྭ་ཨར་ལས་ཀུང་སི། བཅའ་ཁྲིམས་བློ་འདྲི་བ་སོགས་དང་མཉམ་དུ་ཐག་གཅོད་བྱེད་ཐབས་ལ་བགྲོ་གླེང་དང་ཐག་གཅོད་ཀྱི་བསམ་འཆར་བཏོན་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པར་ལན་བརྒྱབ་པ་རེད།