国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月19日

ཁྲུང་ཆིང་གིས་རོགས་སྐྱོར་བྱས་པའི་སྤྲིན་རྩིས་སྒྱུ་རྩལ་སློབ་ཚན་སློབ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11ཚེས16ཉིན་གྱི་ཕྱི་དྲོ། ཁྲུང་ཆིང་གྲོང་ཁྱེར་དམངས་སྲིད་ཅུད་དང་། ཁྲུང་ཆིང་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པ། ཆབ་མདོ་གྲོང་ཁྱེར་དམངས་སྲིད་ཅུད་བཅས་ཀྱིས་གཙོ་གཉེར་བྱས་པའི“ཁྲུང་ཆིང་དང་ཆབ་མདོའི་དམངས་སེམས་གཅིག་ཏུ་བསྡུས། མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད”ཅེས་པ་སྟེ། ཁྲུང་ཆིང་གིས་རོགས་སྐྱོར་བྱས་པའི་སྤྲིན་རྩིས་སྒྱུ་རྩལ་སློབ་ཚན་དེ་ཁྲུང་ཆིང་གྲོང་ཁྱེར་དམངས་སྲིད་ཅུད་ཀྱིས་རོགས་སྐྲུན་བྱས་པའི་ཆབ་མདོ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གཉིས་པའི་གྲངས་གཞིའི་སློབ་སྦྱོང་སློབ་ཁང་དུ་སློབ་འགོ་ཚུགས་པ་རེད།

སྤྲིན་རྩིས་སློབ་ཚན་ཐོག་དགེ་རྒན་ཚོས་གསོན་ཉམས་དོད་ལ་སྤྲོ་སྣང་ལྡན་པའི་སྐད་ཆའི་ཐོག་ནས་ཆེས་མ་མཐའི་ཐིག་རིས་དང་ཚོན་མདོག་ནས་འགོ་བཙུགས་ཏེ། གོམ་པ་རེ་རེ་བཞིན་ཁོང་ཚོར་རང་ཉིད་ཀྱི་ནང་སེམས་ཀྱི་འཇིག་རྟེན་ཇི་ལྟར་མཚོན་པར་བྱེད་སྟངས་བསླབས་ཡོད། ཕྲུ་གུ་ཚོའི་སྨྱུག་རྩེ་ནས་བྱིས་པའི་སྤྲོ་སྣང་དང་བསམ་པའི་བཀོད་ཤུགས་ལྡན་པའི་བརྩམས་ཆོས་མང་པོ་ཞིག་རིམ་བཞིན་གྲུབ་ཅིང་། ལ་ལ་ཡིས་ཚོན་མདོག་རྣམ་པར་བཀྲ་བའི་མེ་ཏོག་འབྲི་བ་དང་། ལ་ལ་ཡིས་རང་ཉིད་ཀྱི་སེམས་ནང་གི་དཔའ་བོ་དང་ཕུགས་འདུན་མཚོན་པའི་རི་མོ་བྲིས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྤྲིན་རྩིས་སྒྱུ་རྩལ་སློབ་ཚན་དེ་ཁྲུང་ཆིང་གྲོང་ཁྱེར་དམངས་སྲིད་ཅུད་དང་ཁྲུང་ཆིང་བོད་སྐྱོར་རུ་ཁག་དབར་མཐུན་སྦྱོར་གང་དྲག་བྱས་པ་བརྒྱུད། འབྲི་ཆུ་དགེ་འོས་སློབ་གླིང་གིས་དུས་ཡུན་རིང་པོར་སློབ་རིན་མི་དགོས་པའི་སློབ་ཁྲིད་བྱ་རྒྱུ་ཡིན་པ་དང་། དབྱར་དགུན་གཉིས་ཀྱི་གུང་གསེང་ཕུད་གཟའ་འཁོར་རེར་སློབ་ཚན་གཉིས་རེ་འཁྲིད་རྒྱུ་ཡིན་པ་རེད། འབྲི་ཆུ་དགེ་འོས་སློབ་གླིང་གིས་མཛེས་རྩལ་དང་། རོལ་དབྱངས། ཡིག་གཟུགས། ཞབས་བྲོ་སོགས་ཀྱི་སློབ་ཚན་གྲ་སྒྲིག་བྱས་པ་དང་སློབ་གླིང་ཁག་གི་ཕུལ་བྱུང་དང་བླངས་པ་འདེམས་གཏོང་ཞིབ་ཚགས་བྱས་ཏེ། ཆེད་ལས་ཡིན་ལ་གསོན་ཤུགས་ཀྱིས་ཁེངས་པའི་སློབ་ཁྲིད་ཚོགས་པ་བཙུགས་ནས་ཆབ་མདོ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཕྲུ་གུ་ཚོར་དུས་ཡུན་རིང་པོའི་ནང་ངོ་མཚར་ཆེ་བའི་སྒྱུ་རྩལ་སྐོར་གྱི་སློབ་ཁྲིད་བྱས་ཏེ་ཕྲུ་གུ་ཚོའི་མཛེས་དཔྱོད་འདུ་ཤེས་ཟབ་ཏུ་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བྱས་པ་མ་ཟད། ཆུང་དུས་ནས་ཕྲུ་གུ་ཚོར“མི་རིགས་མཐུན་སྒྲིལ”གྱི་ས་བོན་བཏབ་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་སྔར་ལས་ལེགས་པ་བྱེད་དུ་བཅུག་པ་རེད།

གོམ་སྟབས་རྗེས་མར། ཁྲུང་ཆིང་གིས་གཅེས་སེམས་ཐོན་ཁུངས་དང་སྤྱི་ཚོགས་སྟོབས་ཤུགས་དེ་བས་མང་བ་ནང་འདྲེན་བྱས་ཏེ་ཆབ་མདོའི་དམངས་སྲིད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད། ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པ་བཅས་བྱ་རྒྱུ་རེད།