འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས15ཉིན་གྲོང་ཁྱེར་བསྡོམས་རྩིས་ཅུད་ལས་ཁུངས་ཏང་ཀྲི་པུའུ་ཡིས་གྲོང་ཁྱེར་ཕན་བདེ་ཁང་གཉིས་པར“མི་རིགས་མཐུན་སྒྲིལ་ཉེ་འགྲམ་དུ་ཡོད”ཅེས་པའི་དང་བླངས་ཞབས་ཞུ་དང“བྱིས་པར་གཅེས་སྐྱོང་བྱེད”ཅེས་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་ཡོད།
རིག་རྩལ་འཁྲབ་སྟོན་གྱི་ལྷུ་ཚིགས་ཁྲོད་ཞབས་བྲོ་དང་། རྐྱང་གཞས། དམག་མིའི་དྲག་རྩལ་ངོམས་པ་སོགས་ཀྱི་ལེ་ཚན་ལྟད་མོ་ཧ་ཅང་ཆེན་པོ་ཡོད་པ་རེད།
ད་ཐེངས་ཀྱི་བྱེད་སྒོའི་ཁྲོད། གྲོང་ཁྱེར་བསྡོམས་རྩིས་ཅུད་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་དང་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབས་ཏེ། ཕན་བདེ་ཁང་ལ་གཅེས་སེམས་དངོས་པོར་སྒོར21000ལྷག་ཙམ་རི་བའི་ཞལ་འདེབས་གནང་ནས། ཕྲུ་གུ་ཚོར་དངོས་པོའི་ཐད་ལ་རོགས་རམ་དང་བསམ་པའི་ཐད་ཀྱི་སེམས་གསོ་བྱས་པ་མ་ཟད། ད་དུང་ཁོང་ཚོས་འཚོ་བར་བཅངས་པའི་དགའ་ཞེན་དང་འབྱུང་འགྱུར་ལ་བཅངས་པའི་འདུན་པ་འཕེལ་གང་ཐུབ་བྱས་པ་རེད། དུས་མཚུངས་སུ་བྱིས་པ་རྣམས་ལ་རང་ཡིད་རང་ཆེས་ཀྱིས་འཚར་ལོངས་ཡོང་བར་བྱས་ཏེ། ནམ་མཁའི་སྐར་ཚོགས་ལྟར་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་འོད་ཟེར་འཚེར་དགོས་པའི་སྐུལ་ལྕག་བཏང་ཡོད།

