国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月19日

ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས15ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན། འཕྲིན་ལན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ཧྲུའུ་ཅི་ཝང་ཅོན་ཀྲེང་གི་གསུང་བཤད་དང་མཆན་བཀོད་དགོངས་དོན་སློབ་སྦྱོང་། ངེད་གྲོང་ཁྱེར་གྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག གྲོང་ཁྱེར་ཡོངས་ཀྱི་འབྲེལ་ཡོད་ལས་དོན་སྙན་སེང་ལ་གསན་པ། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་གནང་ཡོད།

ཚོགས་འདུའི་ཐོག་ཟླ་10ཚེས་28ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་བདུན་པ། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོ། མཁའ་མཆོང་དམག་ལ་གཟིགས་ཞིབ། ཧུའུ་པེར་རྟོག་ཞིབ། ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་དུ་རླངས་འཁོར་བཏང་ནས་འགྲོ་འོང་བྱེད་མཁན་ལ་བརྡུངས་པའི་གྱོད་གཞིར་མཛུབ་སྟོན་གལ་ཆེན་དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་རྟེན་འབྲེལ་འཕྲིན་ཡིག་དང་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ལས་དོན་དང་དམངས་སྲིད་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་སྤྱི་ཚོགས་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་དམངས་སྲིད་ཚོགས་འདུ་ཐེངས་བཅོ་ལྔ་པའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་དོན་དང་དམངས་སྲིད་ལས་དོན་སྙན་སེང་ལ་གསན་ཡོད།

ཚོགས་འདུའི་ཐོག《ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་སྡེ་ཁག་གི་ཏང་ཙུའུ་དང་ཏང་ཨུས་ལས་ཁུངས་ཀྱི་ཏང་འཛུགས་རང་བདག་འགན་འཁྲི་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི་བསམ་འཆར》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་དང་ལས་བྱེད་རྒན་གྲས་ཀྱི་ལས་དོན་སྤེལ་ཚུལ་ལ་གསན་ཡོད།

ཚོགས་འདུའི་ཐོག་《ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་གི་སྒྱུར་བཅོས་ཟབ་ཏུ་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》དང་《དུས་རབས་གསར་པའི་དང་བླངས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བའི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་གུང་གཞོན་སྡེ་ཚོགས་དང་ལོ་ཆུང་གདོང་ལེན་རུ་མི། སྤྱི་ཁྱབ་བཟོ་ཚོགས། བུད་མེད་ཀྱི་ལས་དོན་སྤེལ་ཚུལ་གྱི་ལས་དོན་སྙན་སེང་ལ་གསན་པ་རེད། ཚོགས་འདུའི་ཐོག་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དགོངས་དོན་དང་ཧྲུའུ་ཅི་ཝང་ཅོན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཆབ་མདོའི་ལས་དོན་ཐད་གནང་བའི་མཆན་བཀོད་དང་དེ་བཞིན་ཀརྨ་ཚེ་བརྟན་དང་། ཁྲེན་གཡུང་ཆིས། ཝང་ཧའེ་ཀྲོའུ། བསོད་ནམས་ཉི་མ་སོགས་འགོ་ཁྲིད་ཀྱིས་ཆབ་མདོར་རྟོག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད།

ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་ཟས་རིགས་བདེ་འཇགས་དང་སྤུས་ཚད་མཐོར་གཏོང་གི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ལ་གསན་ཡོད།

ཚོགས་འདུའི་ཐོག་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།