འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་11ཉིན་གྱི་ཕྱི་དྲོར། ཆབ་མདོ་གྲོང་ཁྱེར་རིག་གནས་སྒྲིག་སྲོལ་སྒྱུར་བཅོས་ཆེད་དོན་ཚོགས་ཆུང་གིས་ལོ་ཧྲིལ་བོའི་ལས་དོན་ཕྱོགས་བསྡོམས་དང་དུས་མཚམས་རྗེས་མའི་སྒྱུར་བཅོས་ལས་དོན་བཀོད་སྒྲིག་བྱེད་པའི་ཚོགས་འདུ་འཚོགས་པ་དང་།འདི་ལོའི་ཚུན་གྱི་སྒྱུར་བཅོས་ལས་དོན་ཁག་ལ་ཕྱོགས་བསྡོམས་དང་དུས་མཚམས་རྗེས་མའི་སྒྱུར་བཅོས་ཀྱི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ནས། “རིག་གནས་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི”ལས་འགན་གལ་ཆེན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་རེད།
ཚོགས་འདུའི་ཐོག《ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན》གྱི་དགོངས་དོན་དང《ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་བཅུ་བདུན་པ་གཙོ་སྐྱོང་གནང་སྐབས་ཀྱི་གསུང་བཤད་གལ་ཆེན》གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཨུད་དྲིལ་བསྒྲགས་པུའི་ལས་ཁུངས་ཀྱི་རིགས་གཞུང་ཁའོ་དང་དྲིལ་བསྒྲགས་ཁའོ། གྲོང་ཁྱེར་ཤེས་དཔལ་འཛུགས་གཏོད་གཞུང་དོན་ཁང་། གྲོང་ཁྱེར་སློབ་གསོ་ཅུས། གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་འབྲེལ་ཡོད་འགན་འཁུར་ཚན་པས་ལས་དོན་སྙན་སེང་ཞུས་ཡོད་པ་རེད།