འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་དཔལ་འབར་རྫོང་མཚོ་ཁ་གྲོང་རྡལ་གླ་ཡིབ་གྲོང་ཚོས“ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་། ཏང་གི་དྲིན་ལ་བསྟོད་གླུ་ལེན་པ། ཐོག་མའི་བསམ་འདུན་སྲུང་བ། དོན་དག་དངོས་སྒྲུབ་པ”ཞེས་པའི་གཅེས་སེམས་འབུལ་བའི་སྲིང་བལ་ཉལ་ཆས་སྤྲོད་པའི་མཛད་སྒོ་སྤེལ་ནས་དུད་ཚང་92ཀྱི་གྲོང་མི་ཚོར་སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བར་བྱས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སྤྲད་པའི་དངོས་ཟོག་ནི་གཅེས་སེམས་ཁེ་ལས་ཧྲེན་ཀྲེན་གྲོང་ཁྱེར་ཡ་མན་ཅུས་དངོས་རྫས་གྲངས་གཞི་མ་རྐང་ཚད་ཡོད་ཀུང་སིས་ཞལ་འདེབས་འབུལ་བ་ཞིག་ཡིན་པ་དང་ཁྱོན་སྲིང་བལ་ཉལ་ཆས་ཆ་ཚང་100ཞལ་འདེབས་ཕུལ་ཡོད།