འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11ཚེས13ཉིན་གྱི་སྔ་དྲོར། གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་གྲོང་ཁྱེར་ཚོང་དོན་ཅུད་ཀྱིས་གཉེར་འགན་འཁུར་བའི་ཆབ་མདོ་གྲོང་ཁྱེར་གྱི་ཐད་གཏོང་གློག་རྡུལ་ཚོང་དོན་འགྲན་བསྡུར་ཆེན་མོ་སྐབས་དང་པོ་དེ་ཇ་རྟའི་ཐང་ཆེན་དུ་དངོས་སུ་འགོ་ཚུགས་པ་རེད།
ཐེངས་འདིའི་འགྲན་སྡུར་ཆེན་མོའི་ནང་ངེད་གྲོང་ཁྱེར་གྱི་འགྲན་ཞུགས་པ27དང་ཁེ་ལས་5ཞུགས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱི་ཐད་གཏོང་གློག་རྡུལ་ཚོང་དོན་འགྲན་སྡུར་ཆེན་མོ་སྐབས་དང་པོ་དེ་ཟླ12ཚེས3ཉིན་བར་རྒྱུན་མཐུད་སྤེལ་རྒྱུ་ཡིན་པ་དང་། མཐར་ཕུལ་བྱུང་འགྲན་ཞུགས་པ3བདམས་ཐོན་བྱུང་ནས་བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཇུག་གི་འགྲན་སྡུར་ནང་ཞུགས་རྒྱུར་འོས་སྦྱོར་བྱ་རྒྱུ་ཡིན་པ་རེད།