འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སློབ་གྲྭའི་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་བཏང་སྟེ་དགེ་སློབ་ཚོའི་ཚེ་སྲོག་བདེ་འཇགས་ལ་སྲུབ་སྐྱོབ་བྱ་ཆེད། ཉེ་ཆར། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་ཁ་རུབ་ཆུས་རུ་འབྲིང་གིས་ཆབ་མདོ་གྲོང་ཁྱེར་ཕན་བདེ་ཁང་དང་པོར་བསྐྱོད་དེ། མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་སློབ་གྲྭར་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་ནས། དགེ་སློབ་སྒྲིག་འཛུགས་བྱས་ཏེ་མེ་ཟོན་བདེ་འཇགས་ཁ་འགྲེམས་ནང་སྦྱོང་དང་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་ཁྱབ་གདལ་བཏང་ནས། རྒྱ་ཆེའི་དགེ་སློབ་ལ“མེ་ཟོན་བདེ་འཇགས་ཀྱི་སློབ་ཚན”ཡག་པོ་ཁྲིད་ཡོད།
ནང་སྦྱོང་བྱེད་རིང་དགེ་སློབ་ཚོས་མེ་ཟོན་རུ་མིའི་མཛུབ་ཁྲིད་ལྟར། གཏན་འཁེལ་བྱས་པའི་ཉེན་གཡོལ་ལམ་ཐིག་བརྒྱུད་དེ་ཕྱིར་འཐེན་བྱས་པ་དང་བརྒྱུད་རིམ་ཧྲིལ་པོ་གོ་རིམ་དང་ལྡན་པ་ཞིག་བྱུང་ཡོད། ནང་སྦྱོང་མཇུག་འགྲིལ་རྗེས། མེ་ཟོན་རུ་མིའི་སྒྲིག་འཛུགས་འོག སློབ་གྲྭའི་དགེ་སློབ་ཚོས་མེ་ཟོན་དངོས་སྦྱོང་ལ་ཞུགས་ཏེ། མེ་གསོད་ཡོ་ཆས་ཀྱི་ནུས་པ་དང་། སྤྱོད་སྒོ སྤྱོད་ཐབས་སོགས་ཤེས་རྟོགས་བྱས་ནས་མེ་ཟོན་ཁ་འགྲེམས་ཀྱི་ཉེན་གཡོལ་ཤེས་བྱ་སྔར་ལས་ལྷག་པ་སྦྱངས་ཡོད།
བྱེད་སྒོ་སྤེལ་ཡུལ་དུ། མེ་ཟོན་རུ་མིས་མེ་སྐྱོན་དོན་རྐྱེན་གྱི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་དང་སློབ་གྲྭའི་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དང་མེ་ཤོར་སའི་ཁ་འགྲེམས་ཉེན་གཡོལ་གྱི་རྒྱུན་ཤེས་འཇུག་སྒོར་བྱས་ཏེ། གོ་བདེ་རྟོགས་སླའི་སྐད་ཆའི་ཐོག་ནས་སློབ་གྲྭའི་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དང་། སློབ་གྲྭའི་མེ་སྐྱོན་གྱི་ཁྱད་ཆོས། སློབ་གྲྭའི་མེ་ཟོན་བདེ་འཇགས་སོགས་ཀྱི་སྐོར་གསལ་འགྲེལ་བྱས་པ་མ་ཟད། ད་དུང་སློབ་གྲྭའི་མེ་ཟོན་བདེ་འཇགས་ཀྱི་ད་ཡོད་གནས་ཚུལ་དང་། སློབ་གྲྭར་ཐོན་མང་བའི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ལ་དམིགས་ཏེ། ཉེ་འགྲམ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དབྱེ་བ་འབྱེད་སྟངས་དང་། མེ་གསོད་ཡོ་ཆས་སྤྱོད་སྟངས། ཐོག་མའི་དུས་ཀྱི་ནགས་ཚལ་མེ་སྐྱོན་སེལ་སྟངས། མེ་ཤོར་ས་ནས་ཉེན་གཡོལ་རང་སྐྱོབ་བྱེད་སྟངས་སོགས་ཀྱི་མེ་ཟོན་རྒྱུན་ཤེས་ལ་ལན་བརྒྱབ་པ་དང་དབྱེ་ཞིབ་བྱས་ཤིང་། མེ་ཟོན་རུ་མིས་དྲི་ལན་འདེབས་པའི་རྣམ་པའི་ཐོག་ནས་དགེ་སློབ་དང་མཉམ་འགུལ་སྤེལ་རེས་བྱས་པ་དང་དགེ་སློབ་ཚོས་མེ་ཤོར་ས་ནས་ཕྱིར་འཐེན་ཇི་ལྟར་བྱེད་དགོས་མིན་ཐད་ཐབས་འདོན་ཇུས་འགོད་ཚ་ཚ་འུར་འུར་བྱས་པས་ས་གནས་ས་ཐོག་ཏུ་སློབ་སྦྱོང་གི་རྣམ་པ་ཧ་ཅང་ཟབ་མོ་ཡོད།
ད་ཐེངས་ཀྱི་མེ་ཟོན་དྲིལ་བསྒྲགས་སློབ་གྲྭར་སྤེལ་བ་དེས། དགེ་སློབ་ཚོའི་མེ་ཟོན་གྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་ཕུད། ད་དུང་ཁོང་ཚོས་མེ་ཟོན་གྱི་རྨང་གཞིའི་ཤེས་བྱའང་ཁོང་དུ་ཆུད་ཡོད། དེ་དང་དུས་མཚུངས་སུ་སློབ་གྲྭའི་བདེ་འཇགས་མེ་འགོག་འཛིང་རགས་བརྟན་དུ་གཏོང་བ་དང་། དུས་བདེའི་སློབ་གྲྭ་སྐྲུན་པར་རྨང་གཞི་བརྟན་པོ་བཏིང་ནས“བདེ་འཇགས་འཛིང་རགས་བརྟན་དུ་གཏོང་བར་མི་ཚང་མར་འགན་འཁྲི་ཡོད་པའི”རྣམ་པ་ཟབ་མོ་ཞིག་བཏོད་ཡོད།