国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月08日

དཔའ་ཤོད་རྫོང་གིས།

རྒན་གསོ་ཁང་ལ་བརྩེ་སེམས་བཅངས། རྒན་རྒོན་སེམས་ལ་དྲོ་སྐྱིད་སྦྱིན།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྲོལ་རྒྱུན་སྤྱོད་བཟང་དང་ཤེས་དཔལ་གོམས་སྲོལ་དར་སྤེལ་བཏང་བ་དང་“རྒན་བཀུར་ཆུང་སྐྱོང་། རྒན་རྒོན་ལ་རོགས་སྐྱོར”བཅས་ལག་བསྟར་བྱ་ཆེད། ཟླ་11ཚེས་5ཉིན་གྱི་སྔ་དྲོར། དཔའ་ཤོད་རྫོང་སྤྱི་ཚོགས་ལས་དོན་པུས་སྣེ་ཁྲིད་དེ་དཔའ་ཤོད་རྫོང་གི་དྲི་ཞིམ་ཕྲེང་རྒྱུད་དང་། ཟི་ཁྲོན་གྱི་བྲོ་བ། རྒྱལ་མོ་རྔུལ་ཆུ་ཨར་ཁང་ཆེ་མོ་སོགས་སྒེར་གཉེར་ཚོང་དུད་ཀྱི་གཅེས་སེམས་མི་སྣ་སྒྲིག་འཛུགས་བྱས་ནས། དཔའ་ཤོད་རྫོང་གི་གཅིག་སྡུད་བསྙེན་བཀུར་དམིགས་བསལ་དཀའ་ངལ་ཡོད་པའི་ཞབས་ཞུ་ལྟེ་གནས་སུ་གཅེས་སེམས་འབུལ་བའི་འཚམས་འདྲིའི་བྱེད་སྒོ་ཞིག་སྤེལ་བ་མ་ཟད་འཚམས་འདྲིའི་དངོས་པོའང་སྤྲད་ཡོད་པ་རེད།

འཚམས་འདྲིའི་བརྒྱུད་རིམ་ནང་། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་གཅེས་སེམས་མི་སྣས་དཔའ་ཤོད་རྫོང་གི་གཅིག་སྡུད་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ཞབས་ཞུའི་ལྟེ་གནས་ཀྱི་རྒན་རྒོན་ཚོར་སྐྲ་བཞར་བ་དང་། ཁང་པའི་ཅ་དངོས་ལེགས་སྒྲིག ཁང་པའི་ནང་གཙང་སྦྲ་བྱེད་པ་བཅས་བྱས་ནས། ཁོ་ཚོའི་གནས་ཚུལ་ཤེས་རྟོགས་དང་ཁོ་ཚོའི་བསམ་ཚུལ་གསན་ནས་རྒན་རྒོན་ཚོར་འཚོ་བཅུད་དང་རྒན་རྒོན་ཚོའི་བདེ་ཐང་ལ་རམ་འདེགས་བྱས་པ་རེད།

ད་ཐེངས་ཀྱི་གཅེས་སེམས་བྱ་སྤྱོད་ལས་སྒེར་གཉེར་ཚོང་དུད་ཀྱིས་སྤྱི་ཚོགས་ལ་བཅངས་པའི་འགན་འཁྲི་འཁུར་སེམས་དང་མི་ཆོས་ཐུགས་ཁུར་གང་ལེགས་མཚོན་པ་དང་།ཁོ་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒན་རྒོན་ཚོར་དངོས་པོའི་རྒྱབ་སྐྱོར་དང་བསམ་བློའི་ཐད་ཀྱི་སེམས་གསོ་ཐོབ་པ་རེད།