国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月08日

སྨར་ཁམས་རྫོང་འཐུས་མི་རུ་ཁག་གིས་བོད་ལྗོངས“ཁམསBA”ཡི་གྲོང་གསེབ་ལག་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་སྐབས་དང་པོར་ཞུགས་པའི་གྲ་སྒྲིག་ཡག་པོ་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་གྲོང་གསེབ་ཀྱི་ལག་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་སྐབས་དང་པོའི“ཁམསBA”ཡི་འགྲན་འགོ་ཚུགས་ཉེར་ཡོད་པ་དང་། སྨར་ཁམས་རྫོང་འཐུས་མི་རུ་ཁག་གིས་ཚ་ཚ་འུར་འུར་ངང་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། ལག་རྩེད་སྤོ་ལོ་རྒྱག་ཐང་དུ་འགྲོ་སྐབས་གང་སར་རུ་མི་ཚོའི་རྔུལ་ཆུ་ཕྲུམ་ཕྲུམ་དུ་བཞུར་བའི་གཟུགས་བརྙན་མཐོང་རྒྱུ་ཡོད། རྒྱུག་པ་དང་། སྤོ་ལོ་སྤྲོད་རེས། སྤོ་ལོ་བླུག་པ་སོགས་ཀྱི་སྟངས་སྟབས་རེ་རེ་ལ་སྟོབས་ཤུགས་དང་སྤྲོ་སེམས་ཀྱིས་ཁེངས་ཡོད། “ཁམསBA”ཡི་རིམ་མཚུངས་མཉམ་འགྲན་ནང་རྣམ་པ་ཡག་པོ་ཞིག་སྟོན་ཆེད། རུ་མི་ཚོས་ངལ་གསོའི་དུས་ཚོད་བློས་བཏང་ནས་སེམས་ནུས་ཡོད་རྒུ་རྩལ་དུ་སྤྲུགས་ཏེ་སྦྱོང་བརྡར་ལ་ཞུགས་པ་རེད།

སྨར་ཁམས་རྫོང་འཐུས་མི་རུ་ཁག་གི་རྩལ་སློབ་དགེ་རྒན་བསྟན་འཛིན་ཉི་མས་ང་ཚོས་ཐོག་མཐའ་བར་གསུམ་དུ་སྤོ་ལོ་རུ་ཁག་གི་སྤྱི་ཡོངས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བར་འབད་བརྩོན་བྱེད་ཀྱི་ཡོད། འཐབ་རྩལ་ནང་སྦྱོང་དང་གཟུགས་ནུས་སྦྱོང་བརྡར་བྱས་པ་བརྒྱུད་འགྲན་བསྡུར་ཁྲོད་རུ་མི་ཚོས་དེ་བས་ལེགས་པའི་སྒོ་ནས་ནུས་པ་འདོན་ཐུབ་པ་བྱེད་ཀྱི་ཡོད། ད་ཐེངས་བོད་ཀྱི་གྲོང་གསེབ་ཀྱི་ལག་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་སྐབས་དང་པོ“ཁམསBA”ནི་ལག་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་ཡིན་པ་མ་ཟད། ང་ཚོས་སྨར་ཁམས་ཀྱི་ཉམས་འགྱུར་ངོམ་པའི་གར་སྟེགས་ཤིག་དེ་བས་ཡིན་ཞེས་བཤད།

འགྲན་བསྡུར་གྱི་དུས་ཚོད་འཆར་ཉེར་ཡོད་པ་དང་ཆབས་ཅིག་བོད་ཀྱི“ཁམསBA”གྲོང་གསེབ་ལག་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་གྱི་ཚ་རླབས་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད། ལག་རྩེད་སྤོ་ལོའི་དགྱེས་སྟོན་ཆེན་པོ་དེའི་ནང་། འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་ཁག་གིས་སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པའི་སྙིང་སྟོབས་དང་ལག་རྩེད་སྤོ་ལོའི་རྩེར་སོན་རྩལ་ནུས་ངོམས་པས་བོད་ཀྱི་གྲོང་གསེབ་ཀྱི་ལུས་རྩལ་བྱ་གཞག་ལ་ཉམས་འགྱུར་གསར་པ་ཞིག་བསྣན་ཐུབ་པའི་ཡིད་ཆེས་ཡོད།