འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་2ཉིན་གྱི་སྔ་དྲོར།ཆབ་མདོ་གྲོང་ཁྱེར་གྱི་ཤེས་དཔལ་བྱང་ཚད་མཐོར་གཏོང་གི་ཆེད་དོན་བྱ་སྤྱོད་ཆེ་གྲས་བཅུ་ལ་སྐུལ་འདེད་གཏོང་བའི་མཛད་སྒོ་དེ་ཐེན་ཅིན་ཐང་ཆེན་དུ་འཚོགས་ཤིང་། དེའི་དམིགས་ཡུལ་ནི་གྲོང་མིའི་ཤེས་དཔལ་བྱང་ཚད་སྔར་བས་མཐོ་རུ་བཏང་ནས་ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་གྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ་དེ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བ་མཛད་སྒོ་ཕེབས་པ་མ་ཟད་ཤིས་ཚིག་ཀྱང་གསུངས་ཡོད།
མཛད་སྒོ་མཇུག་འགྲིལ་རྗེས། “ཤེས་དཔལ་ལག་ལེན་སྲོལ་གསར་སྤེལ། གོམས་སྲོལ་བསྒྱུར་ནས་ལེའུ་གསར་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་མང་ཚོགས་རང་བཞིན་གྱི་རིག་རྩལ་འཁྲབ་སྟོན་བྱས་ཡོད། སློབ་མ་ཚོས་སྙན་ངག་གྱེར་འདོན་དང་ལས་བྱེད་པ་རྒན་གྲས་ཀྱི་ལུས་སྦྱོང་འཁྲབ་སྟོན་གྱིས་མདུན་སྐྱོད་ཀྱི་འཚོ་བའི་རྣམ་འགྱུར་ཧུར་ཐག་ངང་བརྒྱུད་སྤྲོད་བྱས་ཡོད།