国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月05日

ཆབ་མདོ་གྲོང་ཁྱེར་གྱི་སློབ་འབྲིང་སློབ་མའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་མཇུག་སྒྲིལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11ཚེས1ཉིན། ཆབ་མདོ་གྲོང་ཁྱེར་གྱི་སློབ་འབྲིང་སློབ་མའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དུས་ཡུན་ཉིན་བཞིའི་རིང་གི་འགྲན་བསྡུར་བྱས་པ་བརྒྱུད་བདེ་ལེགས་ངང་མཇུག་སྒྲིལ་བ་རེད།

དུས་ཡུན་ཉིན་བཞིའི་རིང་ལུས་རྩལ་འགྲན་ཚོགས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་སློབ་འབྲིང་ཁག་ནས་ཡོང་བའི་ལུས་རྩལ་པ་བརྒྱ་ལྷག་ཞུགས་ཡོད། ཉིན་བཞིའི་འགྲན་བསྡུར་ནང་ལུས་རྩལ་པ་ཚོས་ནུས་ཤུགས་ཡོད་རྒུས་རྩལ་དུ་བཏོན་ནས་མཐའ་མའི་གདོང་མཆོང་རེ་རེའི་ནང་རང་ཉིད་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་པའི་ཁར། ཁོ་ཚོས་འགྲན་རའི་ཐོག་དཔའ་ངར་ཆེན་པོས་ལང་ཚོའི་ཉམས་འགྱུར་དང་གསོན་ཤུགས་མངོན་པར་བྱས་ཡོད་པ་རེད།

ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་དེ་གཟབ་རྒྱས་ངང་གཉེར་བ་དེས་ངེད་གྲོང་ཁྱེར་གྱི་སློབ་འབྲིང་སློབ་མའི་སློབ་གསེང་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ངེད་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་ལ་གསོན་ཤུགས་གསར་པ་བསྣན་པ་དང་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་དང་རྒྱུན་འཛིན་མཁན་ཞིག་གསོ་སྐྱོང་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་བ་དང་།ངེད་གྲོང་ཁྱེར་གྱི་ལུས་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཀྱང་ཐེབས་ཡོད་པ་རེད།