འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས30ཉིན་གྱི་ཕྱི་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཡིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས། དཔལ་འབྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ཝུའེ་ཤིན་ཀུའེ་དང་ལུའི་གོ་ཅན་ཚོགས་འདུར་ཕེབས་ཡོད།
ལའོ་ཆིན་འུའུ་ཡིས་དཔལ་འབྱོར་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོས་དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
སྲིད་གཞུང་ཁོངས་གཏོགས་ཀྱིས་བསམ་བློ་དང་བྱ་སྤྱོད་དེ་དཔལ་འབྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
ལའོ་ཆིན་འུའུ་ཡིས་རྣམ་གྲངས་ནི་འཕེལ་རྒྱས་ཀྱི་གཞི་རྟེན་ཞིག་དང་རང་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་རྣམ་གྲངས་དམ་འཛིན་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་ནས། རྣམ་གྲངས་ལ་དམ་འཛིན་དང་མ་འཇོག་ལ་དམ་འཛིན་བྱ་རྒྱུ་དེ་གྲོང་ཁྱེར་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་བཞག་ནས་ཚོང་འགུགས་རྣམ་གྲངས་ཇུས་འགོད་ལ་དམ་འཛིན་དང་། དུས་འགོའི་རྣམ་གྲངས་ལས་འགོ་འཛུགས་རྒྱུར་དམ་འཛིན། སྐྲུན་བཞིན་པའི་རྣམ་གྲངས་ཀྱི་མྱུར་ཚད་ལ་དམ་འཛིན། ལས་མཇུག་འགྲིལ་བའི་རྣམ་གྲངས་ཀྱིས་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུར་དམ་འཛིན། གནད་དོན་ཡོད་པའི་རྣམ་གྲངས་བཅོས་སྒྲིག་ལ་དམ་འཛིན། ཐོན་སྐྱེད་བྱེད་འགོ་འཛུགས་པའི་རྣམ་གྲངས་ཀྱི་ཕན་འབྲས་ལ་དམ་འཛིན་བཅས་ཐུབ་པ་བྱེད་དགོས། རྣམ་གྲངས་གྲབས་གསོག་བྱེད་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་དམ་འཛིན་ཞིབ་ཚགས་བྱེད་པ། རྣམ་གྲངས་ཀྱི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ་བཅས་བྱས་ཏེ་ཁྱོན་ཡོངས་ལ་སྐུལ་ཁྲིད་ཐུབ་པའི་གལ་ཆེའི་རྣམ་གྲངས་ཁག་གཅིག་ལེགས་འདེམས་དང་། རིགས་པས་ཁུངས་སྐྱེལ། གྲབས་གསོག་བཅས་བྱེད་དགོས། ལག་རྩལ་མཁས་ཤིང་དབང་གྲགས་རང་བཞིན་ཆེ་བའི་ཕྱོགས་གསུམ་པའི་ལས་སྟེགས་ནང་འདྲེན་བྱས་ནས་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་རྣམ་གྲངས་བདེ་འཇགས་དང་ཕན་ནུས་ལྡན་པའི་འགན་ལེན་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་ཁོག་སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཞིབ་འཇུག་ནན་ཏན་བྱས་ནས་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་རྣམ་གྲངས་དེ་བས་མང་བ་ཆབ་མདོར་དོན་འཁྱོལ་ཐུབ་པའི་བརྩོན་ལེན་བྱེད་དགོས། རྣམ་གྲངས་ལག་ལེན་མགྱོགས་སུ་བསྟར་བ་དང་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ཀྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་སྐྲུན་བཞིན་པའི་ཆུ་གློག་ཁང6གི་རྣམ་གྲངས་འཛུགས་སྐྲུན་མྱུར་ཚད་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། རྒྱལ་ལམ318ཀྱི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་དང2024ལོའི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ། ནུས་ལྡན་གྱི་མ་འཇོག་རྒྱུན་མཐུད་ངང་ནུས་ཤུགས་འདོན་སྤེལ་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྣམ་གྲངས་འཛུགས་སྐྲུན་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་རྒྱུ་རྐྱེན་གཙོ་བོ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་སྟེ“ཟླ་རེར་བཀོད་གཏོང་རེ་དང་། དུས་ཚིགས་རེར་རྩིས་བཤེར་རེ། ལོ་ཕྱེད་ཀར་དབྱེ་ཞིབ་རེ། ལོ་མཇུག་ཏུ་དཔྱད་བསྡུར་རེའི”རྣམ་གྲངས་ཀྱི་བཀོད་གཏོང་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་ནས་ལས་ཡུན་ལྡོག་སྒྲིག་དང་། ལས་རིམ་གསལ་འགོད། རྒྱུན་མཐུད་སྐུལ་འདེད་བཅས་བྱས་ཏེ་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་ཞབས་ཞུའི་འགན་ལེན་རྣམ་གྲངས་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།