འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས31ཉིན་གྱི་སྔ་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དེ་བཞིན་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བཅས་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། ཧྲུའུ་ཅི་ཝང་ཅོན་ཀྲེང་གི་ཉེ་དུས་ཀྱི་གསུང་བཤད་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཡོད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུ་དང་། ཧྥུའུ་ཅན་དུ་རྟོག་ཞིབ། ཨན་ཧུའེ་རུ་རྟོག་ཞིབ། མེ་ཤུགས་འཕུར་མདེལ་དམག་དཔུང་གི་ལུའེ་ཤོག་ཅིག་ཏུ་གཟིགས་ཞིབ། ཀྲུང་གོ་རྒྱལ་སྤྱིའི་མཛའ་གྲོགས་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་བཙུགས་ནས་ལོ་70འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་མཁན་ཕྱི་ཕྱོགས་ཀྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དེ་བཞིན་འཕྲིན་ལན་གལ་ཆེན།
རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད། ཀྲོང་ཅིན་སུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དེ་བཞིན་འཕྲིན་ལན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་ནི་དུས་བབ་ཕྱག་གཟིགས་དང་། དགོངས་པ་གཏིང་ཟབ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་པས་ང་ཚོས་རིག་གནས་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། ཏང་གིས་དྲག་ཆས་དོ་དམ། སྒོ་དབྱེའི་མཉམ་ལས་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མཛུབ་སྟོན་གལ་ཆེན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་གསར་གཏོད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བཅས་བྱས་ཏེ། ཏང་དང་། མེས་རྒྱལ། མི་དམངས། དཔའ་བོ་བཅས་ལ་བསྟོད་གླུ་འབུལ་བའི་རིག་རྩལ་རྩེ་གྲ་ཁག་ཅིག་གསར་རྩོམ་བྱེད་པ་དང་། ཆབ་མདོའི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བརྩམས་ཆོས་རྩེ་གྲ་ཁག་ཅིག་གསར་རྩོམ་བྱས་ནས་མི་དམངས་མང་ཚོགས་ཀྱི་རིག་གནས་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས་ཅེས་བསྟན།
ཚོགས་འདུའི་ཐོག་གསང་སྲུང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་གསང་བ་དམ་སྲུང་བཅའ་ཁྲིམས》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
ཀྲོང་ཅིན་སུང་གིས་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཉེ་དུས་གནང་བའི་རབ་དང་རིམ་པའི་གསུང་བཤད་ཀྱིས་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་སྒྲིག་ཁྲིམས་ཞིབ་བཤེར་དང་། མི་རིགས་མཐུན་སྒྲིལ། ཁ་གཏད་རོགས་སྐྱོར། ལས་བྱེད་གསོ་སྐྱོང་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་གཙོ་གནད་གསལ་སྟོན་དང་ཐབས་ལམ་ཁྲིད་སྟོན་གནང་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ཏེ་གསར་བརྗེའི་ཡུལ་སྐོར་ཁྲིད་སྟོན་དུ་བྱེད་པ་དང་ཐོན་ཁུངས་ཀྱི་ལེགས་ཆ་རྨང་གཞིར་བྱེད་པ། ཚན་རྩལ་ལ་བརྟེན་ནས་སྟོབས་ཤུགས་འཕེལ་ཐབས་བྱ་རྒྱུ་སྒུལ་ཤུགས་སུ་བྱེད་པ་བཅས་ཀྱི་ཐོག་ནས་གསར་བརྗེའི་རིག་གནས་རྨང་གཞིར་བྱས་པའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གསར་བརྗེའི་ཡུལ་སྐོར་ལ་བརྟེན་ནས་ཆབ་མདོ་དར་རྒྱས་ཡར་བརྩོན་བྱེད་པའི”བྱེད་སྒོ་སྤེལ་རྒྱུ་གོ་སྐབས་སུ་བྱས་ཏེ་ཡོན་ཏན་འདོན་སྤེལ་གང་ལེགས་བྱས་ཏེ། ཆབ་མདོའི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཁྲོད་མིག་ལྟོས་དང་གདོང་ལེན་དཔེ་སྟོན་བྱེད་དགོས་ཞེས་བསྟན།
ཚོགས་འདུའི་ཐོག་ཆབ་མདོ་གྲོང་ཁྱེར་གྱི་སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་འབྲེལ་ཡོད་གནས་ཚུལ་གྱི་སྙན་སེང་གསན་པ་རེད།
ཚོགས་འདུའི་ཐོག་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།