国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月05日

ཆབ་མདོ་གྲོང་ཁྱེར་གྱིས་གཞུང་ཞབས་པའི་བྱས་རྗེས་རིམ་པ་གསུམ་པ་ཐོབ་མཁན་བྱ་དགའ་སྤྲད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10ཚེས31ཉིན་གྱི་ཕྱི་དྲོར། ཆབ་མདོ་གྲོང་ཁྱེར་གྱིས་གཞུང་ཞབས་པའི་བྱས་རྗེས་རིམ་པ་གསུམ་པ་ཐོབ་མཁན་ལ་གཟེངས་རྟགས་ལག་ཁྱེར་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་ཞི་རྡོ་རྗེ་དགྲ་འདུལ་མཛད་སྒོར་ཞུགས་ཡོད། གྲོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའུ་ཀྲང་ལི་པིན་གྱིས་མཛད་སྒོ་གཙོ་སྐྱོང་ཞུས་ཡོད།

ཝང་ཡ་ཏུང་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གཞུང་ཞབས་པའི་འགན་འཁྲི་འཁུར་སེམས་གསལ་བཤད་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་གདོང་ལེན་པ་དང་མིག་དཔེ་སྟོན་དགོས། ཆབ་སྲིད་འཛུགས་སྐྱོང་ཟབ་སྤེལ་བྱས་ཏེ་ང་ལ་ལྷག་བསམ་རྣམ་དག་གིས་གདོང་ལེན་བྱེད་པ་དང་མིག་དཔེ་འདོན་རྒྱུར་ཤུགས་རྒྱག་དགོས། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་ཏེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་གདོང་ལེན་བྱེད་པ་དང་མིག་དཔེ་འདོན་རྒྱུར་ཤུགས་རྒྱག་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་བརྩོན་དངོས་སྒྲུབ་ཐད་གདོང་ལེན་བྱེད་པ་དང་མིག་དཔེ་འདོན་རྒྱུར་ཤུགས་རྒྱག་དགོས། ནན་པོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གཞུང་དྲང་སྤྱོད་གཙང་གི་ཐོག་ནས་གདོང་ལེན་པ་དང་མིག་དཔེ་སྟོན་རྒྱུར་ཤུགས་རྒྱག་དགོས་པའི་བླང་བྱ་བཏོན་ཡོད།

མཛད་སྒོའི་ཐོག ཚོགས་འདུ་ཞུགས་པའི་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱིས་གཟེངས་རྟགས་ཐོབ་པའི་འཐུས་མིར་ལག་ཁྱེར་སྤྲད་ཡོད།