国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月05日

ཆབ་མདོ་གྲོང་ཁྱེར་གྱི་བོད་སྐྱོར་རྣམ་གྲངས་བཀོད་གཏོང་ ལས་དོན་ཚོགས་འདུ་འཚོགས་པ།

ལའོ་ཆིན་འུའུ་ཚོགས་འདུ་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11ཚེས1ཉིན་གྱི་ཕྱི་དྲོར། ཆབ་མདོ་གྲོང་ཁྱེར་གྱི་བོད་སྐྱོར་རྣམ་གྲངས་བཀོད་གཏོང་ལས་དོན་ཚོགས་འདུ་འཚོགས་ཤིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིན་འུའུ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཁྲུང་ཆིང་གྲོང་ཁྱེར་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་བཅུ་པའི་སྣེ་ཁྲིད་མཁན་ཝུའེ་ཤིན་ཀུའེ་ཚོགས་འདུ་ཞུགས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་བཅུ་པའི་སྣེ་ཁྲིད་མཁན་ལིས་གོ་ཅན་གྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད།

ཚོགས་འདུའི་ཐོག ཁ་གཏད་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)དང་ཁེ་ལས་ཀྱི་བོད་སྐྱོར་རྣམ་གྲངས་འཕེལ་རིམ་གནས་ཚུལ་དང་། དེ་བཞིན《ཆབ་མདོ་གྲོང་ཁྱེར་གྱི་བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་དོ་དམ་བྱ་ཐབས》འཆར་ཟིན་བཀོད་ཚུལ་བཅས་ལ་གསན་པ་དང་། ཁྲུང་ཆིང་དང་། ཐེན་ཅིན། ཧྥུའུ་ཅན་བཅས་ཞིང་ཆེན་དང་གྲོང་ཁྱེར3གྱི་བོད་སྐྱོར་ལས་དོན་རུ་ཁག་གི་འཐུས་མི་དང་ཀྲུང་དབྱང་ཚན་པའི་བོད་སྐྱོར་ལས་བྱེད་པ11གི་རང་ངོས་ཀྱི་དོ་དམ་ཚོགས་ཆུང་གི་འགན་འཁུར་བློ་མཐུན་གྱིས་ཕན་ཚུན་བསམ་ཚུལ་སྤེལ་རེས་བྱས་པ་རེད།

ལའོ་ཆིན་འུའུ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚབ་ཞུས་ནས་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)ཁག་དང་ཀྲུང་དབྱང་ཁེ་ལས་ཀྱིས་ཆབ་མདོའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར།སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་ཁ་གཏད་བོད་སྐྱོར་ནི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གཅིག་སྡུད་ཐོག་མཚོན་པ་ཞིག་ཡིན་པ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་བཅས་རེད། ལོ་30ཡི་རིང་ཏང་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་གནང་བས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དུས་ཡུན་རིང་པོའི་ནང་། ཐེན་ཅིན་དང་། ཁྲུང་ཆིང་། ཧྥུའུ་ཅན་བཅས་ཞིང་ཆེན(གྲོང་ཁྱེར)3དང་ཀྲུང་དབྱང་ཁེ་ལས11གིས་ཁ་གཏད་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཆབ་མདོའི་བྱ་གཞག་ཁག་ནང་ཞུགས་ཏེ། ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་བསྟན།

ལའོ་ཆིན་འུའུ་ཡིས་བོད་སྐྱོར་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས། “དོན་ཆེན་བཞིར”དམ་པོར་དམིགས་ཏེ་ཁ་གཏད་རོགས་སྐྱོར་ལས་དོན་སྒྲུབ་པ་དང་། རང་འགུལ་ངང་ཆབ་མདོའི་ལས་དོན་གྱི་སྤྱི་ཡོངས་བཀོད་སྒྲིག་ནང་ཞུགས་པ། ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་རྒྱ་ཆེ་བ་བཅས་ཀྱི་སྒོ་ནས་བོད་སྐྱོར་ལས་དོན་སྒྲུབ་པ་བཅས་བྱེད་དགོས། བོད་སྐྱོར་ལས་དོན་གྱི་སྲིད་ཇུས་ཀྱི་ལེགས་ཆ་དང་། ཤེས་ལྡན་མི་སྣའི་ལེགས་ཆ། མ་དངུལ་གྱི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། རྩ་བ་དོ་དམ་བཅས་ཀྱི་ལས་དོན་བསྒྲུབ་ནས། མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས། སེམས་ནུས་ཡོད་རྒུ་བཏོན་ནས“བརྩེ་བ”ཆེ་བའི་ལས་དོན་ཡག་པོ་བསྒྲུབ་སྟེ། ཆབ་སྲིད་ཐོག་ནས་སྐུལ་ལྕག་གང་ལེགས་བྱེད་པ་དང་། ལས་ཀའི་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེན། འཚོ་བའི་ཐོག་ནས་སྤྲོ་སེམས་ཆེན་པོས་ཐུགས་ཁུར། དོ་དམ་ཐོག་ནས་བླང་བྱ་ནན་པོ་འདོན་པ་བཅས་བྱས་ཏེ་བོད་སྐྱོར་ལས་བྱེད་པའི་ལས་ཀ་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་ཐག་གཅོད་བྱེད་དགོས། རིམ་ཁག་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་ཅིང་། བོད་སྐྱོར་ལས་དོན་གྱི་ལམ་སྲོལ་འཛུགས་པ་དང་། འཐུས་སྒོ་ཚང་དུ་གཏོང་བ། བོད་སྐྱོར་རྣམ་གྲངས་ལག་བསྟར་ལ་ཇུས་འགོད་གཏིང་ཟབ་བྱེད་པ། སེམས་ཤུགས་གཅིག་བསྡུས་ཀྱིས་བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ། བོད་སྐྱོར་རྣམ་གྲངས་ཀྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་པ། བོད་སྐྱོར་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བོད་སྐྱོར་ལས་དོན་གྱི་བརྒྱུད་རིམ་རང་བཞིན་དང་། སྤྱི་འདོམས་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ལ་སྣང་ཆེན་བྱས་ཏེ། ཕྱོགས་ཁག་གི་ཐོན་ཁུངས་ལ་སྤྱི་འདོམས་དང་། ཆབ་མདོར་མཁོ་བར་གཞི་ཚུགས་པ། བོད་སྐྱོར་ནུས་པར་གཞི་ཚུགས་པ། ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་བྱེད་པ། དབྱེ་ཞིབ་ཞིབ་འཇུག་ནན་ཏན་བྱེད་པ་བཅས་བྱས་ཏེ། བོད་སྐྱོར་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

ཧྲི་ཀྲང་གཞོན་པ་སྒྲོལ་དཀར་དང་། ཐོགས་མེད་ཤེས་རབ་ཚོགས་འདུ་ཞུགས་ཡོད།