国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月05日

ཀྲོང་ཅིན་སུང་གིས་གྲོང་ཨུད་ནོར་དཔལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག

ལོ་ཧྲིལ་བོའི་གཏན་འཁེལ་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱས་ཏེ། གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཆབ་མདོའི་ལས་བྱེད་པའི་སྤྱོད་ཚུལ་བཟང་པོ་མངོན་པར་བྱེད་དགོས་པའི་ནན་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ནོར་དཔལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ9པའི་ཚེས26ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་《དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》སོགས་ཀྱི་ཡིག་ཆ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། དུས་ཚིགས་གསུམ་པའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་སྙན་སེང་ལ་གསན་པ། གོམ་སྟབས་རྗེས་མའི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་གནང་ཡོད།

ཀྲོང་ཅིན་སུང་གིས་ད་ལོའི་དུས་ཚིགས་གསུམ་པའི་ནང་ངེད་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱིའི་འཕེལ་ཕྱོགས་ཡག་པོ་ཡོད་པ་དང་། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་མང་པོ་ཞིག་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པས་གྲུབ་འབྲས་ལ་ཁས་ལེན་བྱེད་རིན་ཡོད། དུས་ཚིགས་བཞི་པར་བརྒྱུད་རིམ་ལྡན་པའི་ཇུས་འགོད་དང་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་ཁྱད་ཆོས་གཙོ་བོ་དང་ལེགས་ཆ་མངོན་གསལ་དོད་ཤོས་སྔར་བས་གསལ་བཟོ་བྱས་ཏེ་རིག་གནས་ཡུལ་སྐོར་གྱི་ཐོན་ལས་དང་ནུས་རྒྱུ་གཙང་མ། འབྱུང་འཕྲོད་གཏེར་ལས་བཅས་གསར་སྤེལ་བྱ་རྒྱུར་ཁྲིད་སྟོན་དུ་བྱས་ཏེ། མཐའ་འཁོར་གྱི་དཔལ་འབྱོར་ཁུལ་ནང་ཧུར་ཐག་ཞུགས་པ་དང་། ལས་གཞི་འཛུགས་སྐྲུན་དང་དངོས་ཚན་དཔལ་འབྱོར། བཟོ་ལས་ཐོན་ནུས། ནོར་སྲིད་གཏོང་སྒོ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལས་དོན་ལ་དམ་པོར་དམིགས་ནས་དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་ཇེ་མཐོར་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

ཀྲོང་ཅིན་སུང་གིས་སྲིད་གཞུང་གི་ཏང་ཙུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་ལས་གཞི་ལ་སྤྱི་འདོམས་བཀོད་གཏོང་བྱས་ཏེ་སྐྲུན་བཞིན་པའི་ལས་གཞི་དང་ཁྱད་པར་དུ་དགུན་དུས་ལས་མཚམས་འཇོག་མི་དགོས་པའི་ལས་གཞི་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས་མ་རྩ་འཇོག་ཚད་དེ་བས་མང་བ་བརྩོན་ལེན་བྱེད་དགོས་པ་དང་། ལེགས་གྲུབ་བྱུང་བའི་ལས་གཞི་དུས་ཐོག་ཏུ་ལས་མཇུག་ཞིབ་བཤེར་རྩིས་ལེན་བྱེད་དགོས་ཤིང་། ལས་འགོ་མ་བཙུགས་པའི་ལས་གཞི་རྣམས་སྦྲེལ་མཐུད་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། སྲིད་ཇུས་ཀྱི་སྟོན་ཕྱོགས་དང་འཐབ་ཇུས་ཀྱི་དགོས་མཁོ་ཁོང་དུ་ཡང་དག་ཆུད་པ་དང་། ཆབ་མདོའི་དཔལ་འབྱོར་སྤུས་དག་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས། ཐོན་ལས་དང་པོ་ལེགས་བཅོས་དང་ཐོན་ལས་གཉིས་པ་ཆེར་གཏོང་། ཐོན་ལས་གསུམ་པ་ལེགས་གཏོང་བཅས་ཀྱི་ཐོག་ནས་མང་ཚོགས་རྣམས་སྒྲིག་འཛུགས་བྱས་ཏེ་ཟོག་ལུག་བཤས་གཏོང་དང་ས་ཞིང་གསར་སྦོལ། གཟན་རྩྭ་འདེབས་འཛུགས་སོགས་ཀྱི་ལས་དོན་ལེགས་པར་སྒྲུབ་དགོས། དམིགས་སའི་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་རྒྱུར་འགན་ལེན་བྱེད་པ་དང་དུད་ཚང་ཞིབ་བཤེར་གྱི་བསྡོམས་རྩིས་ལས་དོན་ཡག་པོ་བསྒྲུབས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་དངོས་མཚོན་པའི་འགན་ལེན་བྱེད་དགོས། དཔལ་འབྱོར་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་དང་གཙོ་གནད་ལས་རིགས་དང་གཙོ་གནད་རྣམ་གྲངས་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། སེམས་ཤུགས་གཅིག་སྒྲིལ་ངང་ལོ་ཧྲིལ་པོའི་གཏན་འཁེལ་ཟིན་པའི་དམིགས་ཚད་ལས་འགན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཆབ་མདོའི་ལས་བྱེད་པའི་སྤྱོད་ཚུལ་བཟང་པོ་མངོན་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།