国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月01日

དཔལ་འབར་རྫོང་གིས་དམངས་ཕན་ཁ་ལོ་བའི་སློབ་གྲྭ་བཙུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དམངས་ཆེད་ཁ་ལོ་བའི་སློབ་གྲྭ་བཙུགས་པ་དེ་ནི་སྲིད་གཞུང་གིས་དམངས་འཚོར་དོ་ཁུར་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་གལ་ཆེན་གྱི་གྲས་ཤིག་ཡིན། ཉེ་ཆར། དཔལ་འབར་རྫོང་དམངས་ཕན་ཁ་ལོ་བའི་སློབ་གྲྭ་དངོས་སུ་གཉེར་འགོ་ཚུགས་ནས་ས་གནས་དེ་གའི་མང་ཚོགས་ཀྱིས་ཁ་ལོ་བའི་ལག་ཁྱེར་ལེན་པའི་རྒྱུགས་གཏོང་བར་སྟབས་བདེ་སྤྲད་པའི་གནད་དོན་ཐག་གཅོད་བྱས་པ་རེད།

དུས་ཡུན་རིང་པོའི་ནང་། དཔལ་འབར་རྫོང་ལ་ཁ་ལོ་བའི་སློབ་གྲྭ་མེད་པའི་དབང་གིས་ས་གནས་དེ་གའི་མང་ཚོགས་ཚོས་ཆབ་མདོ་དང་ཡང་ན་ལྷ་ས་སོགས་ཐག་རིང་དུ་གསོ་སྦྱོང་དང་རྒྱུགས་སྤྲོད་པར་མི་འགྲོ་ཀ་མེད་བྱུང་ཡོད། རྟག་པར་ཉིན་མ་མང་པོར་འགོར་བ་དང་ཟ་སྡོད་བྱེད་པ་དེས་མང་ཚོགས་ཀྱི་དཔལ་འབྱོར་ཁུར་པོ་ཇེ་ལྗིད་དུ་བཏང་བ་མ་ཟད། ད་དུང་དུས་ཚོད་མང་པོ་དང་སེམས་ཤུཊ་ཟད་འགྲོ་གིན་ཡོད།

ཕྱོགས་མང་པོས་འབད་བརྩོན་བྱས་པ་བརྒྱུད། དམངས་ཆེད་ཁ་ལོ་བའི་སློབ་གྲྭ་དཔལ་འབར་རྫོང་སྤུ་བཀྲ་གྲོང་ཚོར་རྒྱ་ཁའི་ངང་བཙུགས་ཐོབ་པ་རེད། ཁ་ལོ་བའི་སློབ་གྲྭར་ཆེད་ལས་རྩལ་ཁྲིད་ཚོགས་པ་དང་སྔོན་ཐོན་སྒྲིག་ཆས་བཀོད་སྒྲིག་བྱས་ནས་སློབ་མར་སྤུས་ཚད་མཐོ་བའི་ཁ་ལོ་བའི་གསོ་སྦྱོང་ཞབས་ཞུ་མཁོ་འདོན་བྱས་ཏེ་ཁ་ལོ་བའི་རྩལ་ནུས་ཁོང་དུ་བརྟན་པོ་ཆུད་པར་འགན་ལེན་བྱས་ཡོད་པ་རེད།