国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月01日

ངེད་གྲོང་ཁྱེར་གྱིས2024ལོའི“དུས་རབས་གསར་པའི་གཞོན་ནུ་བཟང་པོ”ཞེས་པའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10ཚེས28ཉིན་གྱི་སྔ་དྲོ། གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་པ་དང་། གུང་སྡེ་ཚོགས་གྲོང་ཨུད་དང་གྲོང་ཁྱེར་བུད་མེད་ལྷན་ཚོགས། གྲོང་ཁྱེར་སློབ་གསོ་ཅུད། གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུད། གྲོང་ཁྱེར་མི་རབས་རྗེས་མར་དོ་ཁུར་བྱེད་པའི་ལས་དོན་གཞུང་དོན་ཁང་བཅས་ཀྱིས་གཉེར་རོགས་བྱས་པའི2024ལོའི་ཆབ་མདོ་གྲོང་ཁྱེར་གྱི“དུས་རབས་གསར་པའི་གཞོན་ནུ་བཟང་པོ”ཞེས་པའི་ཡོངས་བསྒྲགས་ཚོགས་འདུ་དེ་གྲོང་ཁྱེར་དཔེ་མཛོད་ཁང་དུ་འཚོགས་པ་རེད། གྲོང་ཨུད་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བ་ཚོགས་འདུར་ཕེབས་ཏེ་གསུང་བཤད་གནང་ཡོད།

དངོས་གྲུབ་ཟླ་བས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ། ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཤེས་རྒྱ་ཆེ་རུ་གཏོང་བ། འབད་འཐབ་ཀྱི་སྙིང་སྟོབས་གསོ་སྐྱོང་བྱེད་པ། ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་ཏུ་འགྱུར་བ་བྱེད་དགོས། རྒྱ་ཆེའི་དགེ་རྒན་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བླ་སྲོག་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱ་རྒྱུ་གཙོ་རྐང་དུ་བརྩིས་ནས་ཏང་གི་དོན་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་མི་དམངས་ཀྱི་སློབ་གསོའི་མཁས་དབང་མིག་དཔེར་བཟུང་ནས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་། སྤྱོད་བཟང་ལ་བརྟེན་ནས་མི་སྣ་གསོ་སྐྱོང་གི་ཐོག་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་མར་རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་ནི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ། བོད་རིགས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་ནང་གི་ཁོངས་མི་གལ་ཆེན་ཞིག་ཡིན་པ་ངོས་འཛིན་ཟབ་མོ་བྱེད་དུ་འཇུག་པ་དང་།རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་མ་ཚོར་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་ལོ་རྒྱུས་མི་བརྗེད་པ་དང་ལོ་རྒྱུས་རྟོགས་ནས་ཏང་ལ་དགའ་ཞེན།ལོ་རྒྱུས་རྟོགས་ནས་རྒྱལ་ཁབ་ལ་དགའ་ཞེན་བཅས་ཐུབ་པ་བྱས་ཏེ་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་ཁུར་ཕོད་པའི་དུས་རབས་ཀྱི་མི་གསར་པ་ཞིག་ཏུ་འཚར་ལོངས་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

ཡོངས་བསྒྲགས་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་དང་། 《 2024ལོའི་ཆབ་མདོ་གྲོང་ཁྱེར་གྱི“དུས་རབས་གསར་པའི་གཞོན་ནུ་བཟང་པོ”ཁྱབ་བསྒྲགས་བྱ་རྒྱུའི་སྐོར་གྱི་གཏན་འབེབས》སྒྲོག་སྦྱང་བྱས་ཤིང་། ཆབ་མདོ་གྲོང་ཁྱེར་གྱི“དུས་རབས་གསར་པའི་གཞོན་ནུ་བཟང་པོའི”འཐུས་མི20ལ་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་དང་དྲིལ་བསྒྲགས་ཡིག་རིགས་སྤྲད་ཡོད། དེ་བཞིན“དུས་རབས་གསར་པའི་གཞོན་ནུ་བཟང་པོའི”དཔེ་མཚོན་བྱས་རྗེས་ཅན་གྱི་བརྙན་ཐུང་བསྟན་པ་དང《2024ལོའི་ཆབ་མདོ་གྲོང་ཁྱེར་གྱི“དུས་རབས་གསར་པའི་གཞོན་ནུ་བཟང་པོའི”སྔོན་ཐོན་བྱས་རྗེས་ཀྱི་ཡིག་ཆ་ཕྱོགས་བསྒྲིགས》སོགས་དཔེ་དེབ1323སྤྲད་པ་རེད།