国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月01日

ངེད་གྲོང་ཁྱེར་གྱིས་སྙན་ཚིག་གྱེར་འདོན་བྱེད་པའི་འགྲན་སྡུར་ཆེ་མོ་གཉེར་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་29ཉིན། གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་པ་དང་། གུང་གཞོན་སྡེ་ཚོགས་གྲོང་ཨུད་དང་།གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས།གྲོང་ཁྱེར་སློབ་གསོ་ཅུད།གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད། གྲོང་ཁྱེར་མི་རབས་རྗེས་མར་དོ་ཁུར་བྱེད་པའི་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་བཅས་ཀྱིས་མཉམ་དུ་གཉེར་རོགས་བྱས་པའི“ཀྲུང་ཧྭའི་གསུང་རབ་སྙན་ཚིག་གྱེར་འདོན་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་བྱས་པའི་གསུང་རབ་གྱེར་འདོན་འགྲན་སྡུར་དེ་གྲོང་ཁྱེར་དཔེ་མཛོད་ཁང་དུ་སྤེལ་བ་རེད།

སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་དང་དེའི་རྗེས་སློབ་མ་ཚོས་སྤྲོ་སེམས་རབ་ཏུ་འཕེལ་བ་དང་བྱང་ཆུབ་པའི་གྱེར་འདོན་ལག་རྩལ་ཐོག་ནས《ཆིན་ཡོན་ཁྲུན·ཁྲང་ཧྲ》དང་།《མཛེས་སྡུག་ལྡན་པའི་ཀྲུང་ཧྭ》སོགས་གསུང་རབ་31ལྷག་ཙམ་ཀློག་པ་རེད།

ཛ་དྲག་འགྲན་བསྡུར་བྱས་པ་བརྒྱུད་དཔྱད་འདེམས་ཨུ་ཡོན་ཚོས་གྱེར་འདོན་གྱི་ནང་དོན་དང་། གྱེར་འདོན་གྱི་ཐབས་རྩལ། བརྩེ་དུང་མཚོན་སྟངས་སོགས་ཕྱོགས་མང་པོའི་ཐད་ནས་ཞིབ་དཔྱད་ནན་ཏན་བྱས་པ་བརྒྱུད་མཐར་བྱ་དགའ་རིམ་པ་དང་པོ་2དང་། བྱ་དགའ་རིམ་པ་གཉིས་པ་4 བྱ་དགའ་རིམ་པ་གསུམ་པ་6ཕུལ་བྱུང་བྱ་དགའ་19བཅས་བདམས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དངོས་གྲུབ་ཟླ་བ་མཛད་སྒོར་ཕེབས་པ་མ་ཟད། བྱ་དགའ་ཐོབ་མཁན་ལ་བྱ་དགའ་ཡང་སྤྲད་པ་རེད།