国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月01日

ལའོ་ཆིན་འུའུ་ཡིས་ཧྭ་རོན་ཞོལ་ཧྭ་སྦི་རག་བཟོ་གྲྭ(བོད་ལྗོངས)ཚད་ཡོད་ཀུང་སིར་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10ཚེས29ཉིན་གྱི་ཕྱི་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་ཧྭ་རོན་ཞོལ་ཧྭ་སྦི་རག་བཟོ་གྲྭ(བོད་ལྗོངས)ཚད་ཡོད་ཀུང་སིར་ཕེབས་ནས། ཁེ་ལས་ཀྱི་ཟས་རིགས་བདེ་འཇགས་ཀྱི་གནས་ཚུལ་དང་ཐོན་སྐྱེད་གཉེར་སྐྱོང་གི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

ལའོ་ཆིན་འུའུ་ཡིས་ཧྭ་རོན་ཞོལ་ཧྭ་སྦི་རག་བཟོ་གྲྭ(བོད་ལྗོངས)ཚད་ཡོད་ཀུང་སིས་ཆབ་མདོའི་དཔལ་འབྱོར་སྤུས་ཚད་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་བསྣན་པ་དང་།ཧྭ་རོན་ཞོལ་ཧྭ་སྦི་རག་བཟོ་གྲྭ(བོད་ལྗོངས)ཚད་ཡོད་ཀུང་སིའི་དེ་རིང་གི་འཕེལ་རྒྱས་དེ་ཏང་དང་སྲིད་གཞུང་གི་གཟིགས་རྒྱང་རིང་བའི་འཐབ་ཇུས་དང་དངོས་དོན་གཉེར་བའི་སྲིད་ཇུས་དང་ཁ་འབྲལ་ཐབས་མེད་ལ། ཁེ་ལས་རང་ངོས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པ་དང་ཁ་འབྲལ་ཐབས་མེད་ཅེས་བསྟན།

ལའོ་ཆིན་འུའུ་ཡིས་མིག་སྔར་ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དེ་ལེགས་སྒྲིག་གཏིང་ཟབ་བྱེད་པའི་དུས་མཚམས་དང་། ལུགས་སྒྱུར་རིམ་སྤོར་གྱི་འགག་རྩའི་ལྷུ་ཚིགས་དང་གསར་གཏོད་ལ་སྐུལ་འདེད་གཏོང་བའི་མྱུར་ཚད་མགྱོགས་སུ་གཏོང་བའི་འབྲེལ་ཚིགས་སུ་སླེབས་ཡོད་པས། འགྲན་སློང་གསར་པ་འཕྲད་ཡོད་ལ་གོ་སྐབས་གསར་པའང་རག་ཡོད། ཧྭ་རོན་ཞོལ་ཧྭ་སྦི་རག་བཟོ་གྲྭ(བོད་ལྗོངས)ཚད་ཡོད་ཀུང་སིའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྔར་བས་ཁ་གསལ་བཟོ་རྒྱུ་དང་འཐབ་ཇུས་ཀྱི་ངེས་ཤུགས་བརྟན་དུ་གཏོང་བ། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། ཐོན་སྐྱེད་གཉེར་སྐྱོང་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་སྤུས་ཚད་དེ་བས་མཐོ་བ་དང་། ཕན་འབྲས་དེ་བས་ལེགས་པ། དེ་བས་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་གཏོང་ཐབས་བརྩོན་ལེན་བྱེད་དགོས། ཁེ་ལས་ཀྱིས་ཁྲོམ་རའི་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་ཁྲོམ་རའི་འདུ་ཤེས་དང་ཐོན་རྫས་ཀྱི་འདུ་ཤེས། ཚོང་རྟགས་ཀྱི་འདུ་ཤེས་བཅས་སྔར་བས་བརྟན་དུ་གཏོང་བ་དང་། ཁྲོམ་རའི་འཕེལ་ཕྱོགས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། ཁྲོམ་རའི་དགོས་མཁོ་དང་མཐུན་ཐབས། ཐོན་རྫས་ཀྱི་གསར་གཏོད་རང་བཞིན་དང་བྱེད་ནུས་རང་བཞིན་ཆེ་རུ་གཏོང་བ། སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ། རྒྱུན་མཐུད་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བ་བཅས་བྱེད་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།“ཞོལ་ཧྭ་སྦི་རག་གི་རིག་གནས་ཀྱི་ཁྲོམ་ཁུལ་”སོགས་འཚོལ་ཞིབ་བྱས་ཏེ་ཞོལ་ཧྭ་སྦི་རག་གི་ཚོང་རྟགས་ཀྱི་ཁྱད་ཡོན་མངོན་པར་བྱེད་དགོས། སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་ཀྱིས་གཙོ་ཁྲིད་དང་སྲིད་གཞུང་གིས་རོགས་སྐྱོར་བྱས་ཏེ་ཐུན་མོང་ཐོག་ཞོལ་ཧྭ་སྦི་རག་ནི་ཆབ་མདོའི་སྦི་རག་ཐོན་ལས་ཀྱི་རྩེ་གྲར་འགྱུར་བར་བྱས་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་དག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།