国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月01日

ཀྲོང་ཅིན་སུང་གིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10ཚེས30ཉིན་གྱི་སྔ་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐབས་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་ཡོང་བར་སྐུལ་སྤེལ་གཏོང་བ། སྤུས་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་ཆབ་མདོ་འཛུགས་སྐྲུན་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལག་ལེན་སྤེལ་བར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་ཡོད།

ལའོ་ཆིན་འུའུ་དང་། ཝང་ཡ་ཏུང་། ཆིས་ཡན་ཧའེ། རྡོ་རྗེ་དགྲ་འདུལ། ལིས་པིང་། དངོས་གྲུབ་ཟླ་བ། ཝང་ཧྲི་ཡུས། ཅཱ་ཤིན་ཡུས་བཅས་ཞུགས་ཡོད།

ཚོགས་འདུའི་ཐོག་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གནད་བསྡུས་དང་།《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་དྲ་རྒྱའི་བྱ་སྤྱོད་གཏན་འབེབས》《ཀྲུང་གོ་གུང་ཁྲན་ཏང་གི་ཚད་གཞི་མ་ལོན་པའི་ཏང་ཡོན་ལ་རྩ་འཛུགས་ཀྱི་ཐག་གཅོད་བྱ་ཐབས》དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད།

ཀྲོང་ཅིན་སུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཁྲིམས་སྐྱོང་གནས་བབ་གཏན་འཁེལ་དང་། ཁྲིམས་སྐྱོང་བཀོད་སྒྲིག ཁྲིམས་སྐྱོང་ལག་ལེན་ནན་ཏན་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུ་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཅུག་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་བློ་མཐུན་ཝང་ཅུན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སྤྱད་དེ་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་གྱི་སྤྱི་ཡོངས་གཅིག་འདོམས་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་ཁྲིམས་སྐྱོང་དེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་དང་ཏང་གི་འཛུགས་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པ་དང་། ལྗོངས་ཡོངས་ཀྱི་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་ཟམ་མི་ཆད་པར་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་བ། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་རྒྱུན་མི་ཆད་པར་ཆེ་རུ་ཕྱིན་ནས་ང་ཚོས་ལས་དོན་སྒྲུབ་པར་ཐབས་ལམ་བསྩལ་བ་དང་དཔེ་སྟོན་སྣེ་ཁྲིད་བྱས་ཡོད་ཅེས་བསྟན།

ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་འགྲེང་སྟེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཕྱོགས་ཡོངས་དང་ཆ་ལག་ཚང་བའི་ངང་སྦྱོང་བ་དང་། དུས་ཐོག་ཏུ་སྦྱོང་བ། བསམ་གཞིག་ཞིབ་ཚགས་ཀྱིས་སྦྱོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ་བཅས་མཐའ་འཁྱོངས་ཀྱིས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་འགན་ལེན་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐབས་ཇུས་བཀོད་སྒྲིག་ཆབ་མདོར་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་གྲོང་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་བྱེད་པ་དང་། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་གྲོང་སྐྱོང་ལ་འགོ་ཁྲིད་པའི་ལམ་ལུགས་དང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱ་ཐབས་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་དང་། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ། ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་སྣོན། དྲ་རྒྱའི་བར་སྟོང་བཅོས་སྒྲིག་བྱེད་པ་དང་། ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ལས་བྱེད་པས་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཁྲིམས་ལུགས་སྦྱོང་བ་དང་ཁྲིམས་ལུགས་བརྩི་བཀུར། ཁྲིམས་ལྟར་ལས་སྒྲུབ་བཅས་བྱས་ནས་དཔེ་བཟང་གི་མིག་དཔེ་ཡག་པོ་སྟོན་པ། ཁྲིམས་འཛུགས་དང་། ཁྲིམས་འཛིན། ཁྲིམས་འཛིན་ལས་ཁུངས། གཞི་རིམ་ཏང་ཙུའུ་བཅས་ཀྱིས་འགན་འཁྲི་འཁུར་རྒྱུར་སྣེ་ཁྲིད་བཅས་བྱས་ཏེ་ཚད་གཞི་ནན་པོ་དང་བླང་བྱ་ནན་པོའི་ཐོག་ནས་ཁྲིམས་སྐྱོང་ཆབ་མདོ་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བར་གྲུབ་འབྲས་གསར་པ་ཐོབ་པ་བྱེད་དགོས། སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ་དང་། ཆབ་སྲིད་ཀྱི་བྱང་ཚད་དང་ཁྲིམས་སྐྱོང་གི་བྱང་ཚད། ལས་རིགས་ཀྱི་ཀུན་སྤྱོད། ཁྲིམས་འཛིན་ནུས་པ་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ། ཀུན་སྤྱོད་དང་བཅའ་ཁྲིམས་གཉིས་ལྡན་དང་སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ཁྲིམས་སྐྱོང་ལས་དོན་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་ཡོད།