国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年11月01日

རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་ཀ་རྟེན་ཐོན་ལས་སྐྱེད་བསྲིང་དང་འཛུགས་གཏོད་བཅས་བྱས་ཏེ། ཐོན་ལས་དར་རྒྱས་ལ་བརྟེན་ནས་མང་ཚོགས་ཀྱི་འཚོ་བ་ཕྱུག་པོ་དང་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

——ཀྲོང་ཅིན་སུང་གིས་དཔའ་ཤོད་དང་། མཛོ་སྒང་། སྨར་ཁམས་བཅས་སུ་བརྟག་ཞིབ་གནང་བའི་གནས་ཚུལ།

ཀྲོང་ཅིན་སུང་གིས་འཇང་རིགས་ཤང་གི་ལོ་ངོ་སྟོང་གི་གནའ་བོའི་ཚྭ་ཞིང་དུ་གནའ་བོའི་ཚྭ་ཞིང་སྲུང་སྐྱོབ་ལས་དོན་ལ་རྟོག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས25ཉིན་ནས་ཚེས27ཉིན་བར་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་དཔའ་ཤོད་རྫོང་དང་། མཛོ་སྒང་རྫོང་། སྨར་ཁམས་རྫོང་བཅས་སུ་ཕེབས་ཏེ་རྒྱལ་ལམ318དང་། རྒྱལ་ལམ214རྒྱུད་ཀྱི་ཡུལ་སྐོར་ལྗོངས་རྒྱུ་ས་ཚིགས་དང་། ཐོན་ལས་རྟེན་གཞི། ཤང་གྲོང་བཅས་སུ་ཟབ་ཞུགས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་དང་། ཁྱད་ལྡན་ཐོན་ལས། གྲོང་གསེབ་དར་རྒྱས། དགོན་སྡེའི་དོ་དམ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གྱི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ། ཐོན་ཁུངས་ཀྱི་དགེ་མཚན་སྔོག་འདོན་གཏིང་ཟབ་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ།

རིག་གནས་དང་ཡུལ་སྐོར་ཐོན་ལས་འདི་ཉིད་ཀ་རྟེན་ཐོན་ལས་ཤིག་ཏུ་ཧུར་ཐག་གིས་གཏོད་པ་དང་། ཐོན་ལས་དར་རྒྱས་ལ་བརྟེན་ནས་མང་ཚོགས་ཀྱི་འཚོ་བ་ཕྱུག་པོ་དང་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།

ཀྲོང་ཅིན་སུང་ར་འོག་རྒྱལ་སྤྱིའི་སྒེར་འཁོར་སྒར་སར་ཕེབས་ཏེ་སྒར་སའི་གཉེར་སྐྱོང་དང་ཡུལ་སྐོར་བའི་སྣེ་ལེན་ཞབས་ཞུའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་དཔའ་ཤོད་རྫོང་ལ་རྒྱལ་མོ་རྔུལ་ཆུའི་གུག་ཆ་72 ར་འོག་མཚོ། ལ་སྒོ་འཁྱགས་རོམ་སོགས་མི་ཆོས་དང་རང་བྱུང་མཛེས་ལྗོངས་སྣ་ཚོགས་ཡོད་པས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ལྟ་རིན་ཡོད་པ་དང་ཀུན་གྱིས་དོ་སྣང་བྱེད་པའི་ཡུལ་སྐོར་རྣམ་གྲངས་ཁག་གཅིག་བློ་རྩེ་གཅིག་སྒྲིམ་གྱིས་བསྐྲུན་པ། རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བ། མང་ཚོགས་དེ་བས་མང་བ་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཁྲོད་ཞུགས་རྒྱུར་སྐུལ་ཁྲིད་བཅས་བྱས་ཏེ་ཐོན་ལས་ལ་བརྟེན་ནས་ཕན་འབྲས་ཆེ་རུ་འགྲོ་བ་དང་མང་ཚོགས་ཕྱུག་པོ་འགྱུར་བ་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་ཐད་ཀྱི་ཞན་ཆ་ཁ་གསབ་བྱས་ཏེ་རྒྱལ་ལམ་318རྒྱུད་ཀྱི་སྤུས་ཚད་མཐོར་གཏོང་གི་སྒྱུར་བཀོད་རྣམ་གྲངས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ཁུལ་གྱི་འཕྲོད་བསྟེན་ཁོར་ཡུག་བཅོས་སྒྲིག་ཡག་པོ་བྱེད་པ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཆབ་མདོའི་གཟུགས་བརྙན་བཟང་པོ་གཏོད་དགོས་ཞེས་གསུངས།

དཔའ་ཤོད་རྫོང་སྤྱི་དར་ཤང་དབོར་གྲོང་ཚོའི་འཇི་རྩི་སྔོན་པོའི་གནས་ཚང་གཞིས་ཀ་ནི་ཧྥུའུ་ཀྲོའུ་བོད་སྐྱོར་རུ་ཁག་གིས་བཙུགས་པའི་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་དཔེ་སྟོན་རྣམ་གྲངས་ཤིག་ཡིན་ལ། གོ་ལ་ཧྲིལ་པོའི་ཐོག་ས་བབ་ཆེས་མཐོ་བའི་འཇི་རྩི་སྔོན་པོའི་ལྡུམ་ར་ཞིག་ཀྱང་ཡིན། ཀྲོང་ཅིན་སུང་གིས་ཧྥུའུ་ཀྲོའུ་གྲོང་ཁྱེར་བོད་སྐྱོར་རུ་ཁག་གིས་ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། འཇི་རྩི་སྔོན་མོའི་མེ་ཏོག་སོན་སྔར་བས་ཡག་པ་འདེབས་གསོ་བྱེད་པ་དང་། འཕྲུལ་ཆས་ཅན་དང་གཞི་ཁྱོན་ལྡན་པའི་ཐོན་སྐྱེད་བྱེད་སྟངས་ནང་འདྲེན་བྱེད་པ། འཇི་རྩི་སྔོན་མོའི་མཛེས་སྡུག་ཡུལ་ལྗོངས་ལ་ལྟ་སྐོར་དང་ཡུལ་སྐོར་བྱེད་པའི་རིན་ཐང་འདོན་སྤེལ་གང་ལེགས་བཅས་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་མཛེས་ལྗོངས་དང་ཡུལ་སྐོར་གནས་མཆོག་ཅིག་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཀྲོང་ཅིན་སུང་གིས་དུང་མདའ་ལའི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་སུ་ཡུལ་སྐོར་གྱི་རྨང་གཞིའི་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་གནང་ཞིང་། ཁོང་གིས་མཛོ་སྒང་རྫོང་གིས་ཁྲོན་བོད་གཞུང་ལམ་དང་ལྷག་པར་དུ་དུང་མདའ་ལའི་གསར་བརྗེའི་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་དེའི་ནང་གི་མི་སྣ་གསོ་སྐྱོང་གི་ནུས་པ་དང་ཡུལ་སྐོར་རིན་ཐང་བེད་སྤྱོད་ཡག་པོ་བྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྔར་བས་སྐུལ་འདེད་གཏོང་དགོས། སྲོལ་རྒྱུན་གྱི་གྲོང་ཚོ་དང་དམངས་ཁང་སྲུང་སྐྱོབ་དང་། རྒྱུན་འཛིན། བེད་སྤྱོད་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་མི་འདང་སར་ཁ་གསབ་བྱས་ཏེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཀྲོང་ཅིན་སུང་ཀྲུང་གོའི་ཧྭ་ནེང་རོང་སྨད་ཆུ་ཤུགས་གློག་ཁང་རྣམ་གྲངས་འཛུགས་སྐྲུན་པུའུ་རུ་ཕེབས་ཏེ་ལས་གྲྭ་འཛུགས་སྐྲུན་གྱི་འཕེལ་རིམ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཨར་ལས་ཚན་པས་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་ངང་ཨར་སྐྲུན་བྱེད་པ་དང་ལྗང་མདོག་གི་ཨར་སྐྲུན་མཐའ་འཁྱོངས་བྱེད་པ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་གྱིས་ཉེ་འཁོར་གྱི་ཁོར་ཡུག་ལ་ཤུགས་རྐྱེན་ཕོག་ཤུགས་ཆུང་དུ་གཏོང་བ་དང་། བོད་ཤར་གྱི་སྔོ་ཞིང་དྭངས་བའི་རི་ཆུར་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

སྨར་ཁམས་རྫོང་དུ་ཀྲོང་ཅིན་སུང་གིས་སྔ་རྗེས་སུ་འོད་ཟེར་དགོན་དང་ཚྭ་ཁ་ལྷོའི་གནམ་བདག་ཆོས་ཁང་དུ་ཕེབས་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་བྱམས་བརྩེའི་ངང་ཕྱག་བཏང་སྟེ་ཁོང་ཚོའི་ཐོས་བསམ་སློབ་གཉེར་དང་རྒྱུན་གཏན་གྱི་འཚོ་བའི་སྐོར་བཀའ་འདྲི་གནང་བ་མ་ཟད། དགོན་སྡེ་དང་ཆོས་ཁང་གི་ལོ་རྒྱུས་དང་རིག་དངོས་སྲུང་སྐྱོབ་བྱེད་ཐབས་དོན་འཁྱོལ་བྱེད་ཚུལ་སོགས་ལ་མཁྱེན་རྟོགས་ཞིབ་ཕྲ་ཡང་གནང་བ་རེད། ཁོང་གིས་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་ཡིས་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་སྒོམ་སྒྲུབ་ཉམས་ལེན་དང་། དད་སྦྱོར་ཡང་དག་བྱེད་པ་དང་། འདུ་ཤེས་གསུམ་བརྟན་པོར་འཛུགས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་ཧུར་ཐག་བཅས་བྱས་ཏེ་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་བཏོན་ཡོད། མི་རིགས་ཆོས་ལུགས་ཚན་པ་ཡིས་ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོའི་བྱེད་སྒོའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཆོས་ལུགས་ལས་རིགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་། ཡིག་གཟུགས། རི་མོ། པར་ལེན་སོགས་ཀྱི་གསབ་སྦྱོང་དང་དཔྱད་བསྡུར་སྤེལ་ནས་རྒྱ་ཆེའི་གྲྭ་བཙུན་ཚོའི་བདེ་ཐང་གི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུའི་བླང་བྱ་བཏོན་ཡོད།

ཀྲོང་ཅིན་སུང་འཇང་མི་རིགས་ཤང་རྒྱ་མདའ་གྲོང་ཚོའི་ལོ་ངོ་སྟོང་གི་གནའ་བོའི་ཚྭ་ཞིང་དུ་ཕེབས་ཏེ་གནའ་བོའི་ཚྭ་ཞིང་སྲུང་སྐྱོང་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ཤེས་རྟོགས་གནང་བ་མ་ཟད། གྲོང་མི་ཚོར་ཚྭ་སྐམ་ལག་རྩལ་རྒྱུན་འཛིན་ཡག་པོ་བྱེད་པ་དང་ལོ་ངོ་སྟོང་གི་གནའ་བོའི་ཚྭ་ཞིང་གི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཡག་པོ་བཏང་སྟེ་འབབ་འཕར་ཕྱུག་པོ་འགྱུར་བ་བྱེད་དགོས་པའི་སྐུལ་ལྕག་གནང་བ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ཡུལ་བབ་དང་བསྟུན་ཏེ་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་། ཡུལ་སྐོར་བའི་ཉམས་ལེན་བྱེད་ཤུགས་ཆེ་རུ་གང་དྲག་བཏང་ནས་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དམངས་ཕྱུག་འབབ་འཕར་གྱི་“འདེགས་སྐྱོར་ཆེན་པོ་”ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས།

ལྕང་ལུང་གཞིས་ཀའི་ཨ་རག་སྙོལ་ཁང་དང་། བོད་ཤར་རྒྱུད་ཀྱི་གཅེས་ནོར་ཨ་རག་ལས་རིགས་ཚད་ཡོད་ཀུང་སི། ཆུ་ཚན་ཁ་1685ཨ་རག་སྙོལ་ཁང་བཅས་སུ་དྲི་ཞིམ་གང་སར་འཐུལ་ཞིང་། ཀྲོང་ཅིན་སུང་ཨ་རག་སྙོལ་བཟོའི་འཁོར་ཁང་དུ་ཕེབས་ནས་རྒུན་འབྲུམ་ཨ་རག་སྙོལ་བཟོ་དང་། བྲིན་ཚོང་། ཐོན་ཚད། མང་ཚོགས་ལ་ཡོང་འབབ་འཕར་བའི་སྣེ་ཁྲིད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཁྲོམ་ར་རྒྱ་ཆེར་གཏོང་བ་དང་། གཞི་ཁྱོན་ཆེ་རུ་གཏོང་བ། སྤུས་ཚད་མཐོ་རུ་གཏོང་བ། ཚོང་གཉེར་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་མ་གནས་དམའ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མང་ཚོགས་ལ་ལས་ཞུགས་འབབ་འཕར་ཡོང་བའི་སྣེ་ཁྲིད་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

ཀྲོང་ཅིན་སུང་ད་དུང་སྨར་ཁམས་རྫོང་ཐོན་ལས་གླིང་ཁུལ་དུ་ཕེབས་ཏེ་གླིང་ཁུལ་གྱི་འཁོར་སྐྱོད་དོ་དམ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་རེད། ཁོང་གིས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་གང་ལེགས་བྱས་ཏེ་“བུ་རྫི་རྣམ་པའི”ཞབས་ཞུར་བརྟེན་ནས་ཁེ་ལས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་ཡག་པོ་བྱེད་པ་དང་ཁོར་ཡུག་བཟང་པོར་བརྟེན་ནས་ཁེ་ལས་དེ་བས་མང་བ་གླིང་ཁུལ་དུ་གཞིས་ཆགས་རྒྱུའི་ཡིད་དབང་བཀུག་སྟེ་མ་འཇོག་ལས་གཏོད་དང་རྒྱ་སྟོབས་ཆེ་རུ་བཏང་ནས་གླིང་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།

བརྟག་ཞིབ་གནང་རིང་། ཀྲོང་ཅིན་སུང་ད་དུང་སྨར་ཁམས་རྫོང་རོང་སྨད་གྲོང་རྡལ་དང་མཚོ་རྔ་ཤང་སོགས་སུ་ཕེབས་ཏེ་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་ནས། གཞི་རིམ་ལས་བྱེད་པའི་ལས་དོན་དང་འཚོ་བའི་གནས་ཚུལ་དང་གཞི་རིམ་བཅོས་སྐྱོང་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་ས་རྣམས་ཤེས་རྟོགས་ནན་ཏན་བྱེད་ཅིང་ཁོང་དུ་ཆུད་པ་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་རང་འགུལ་ངང་ཐག་གཅོད་གང་དྲག་བྱེད་དགོས་པ་དང་། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་གནས་ལུས་རྩལ་བྱེད་སྒོ་དང་རྩལ་ནུས་འགྲན་བསྡུར་མང་ཙམ་གཉེར་ནས་བྱེད་སྒོ་བརྒྱུད་མང་ཚོགས་དངོས་འབྲེལ་སྒྲིག་འཛུགས་དང་གོང་བུ་གཅིག་ཏུ་བསྒྲིལ་ཐོག་མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལག་ལེན་བྱེད་པའི་ནང་ཧུར་བརྩོན་ཆེན་པོའི་ཞུགས་པར་སྣེ་ཁྲིད་བྱེད་དགོས་ཞེས་ནན་བཤད་གནང་ཡོད།