འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་25ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་སྤྱི་ཚོགས་ཁྲིམས་ལུགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བྱམས་པ་བཀྲ་ཤིས་ཀྱིས་ཆབ་མདོར་《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག(བཟོ་བཅོས་འཆར་ཟིན་ཨང་14པ་)》སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་བསམ་འཆར་བསྡུ་ལེན་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།ཆབ་མདོ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཐུབ་དགའ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཐུབ་དགའ་ཡིས་གྲོང་ཁྱེར་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁག་དང་“རིམ་པ་གཉིས་”ཀྱི་སྲིད་གྲོས་ཨུ་ཡོན་གྱིས་《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག་(བཟོ་བཅོས་འཆར་ཟིན་ཨང་14པ)》ལ་སློབ་སྦྱོང་ནན་ཏན་དང་གྲོས་བསྡུར་གང་ལེགས་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་བཏོན་པའི་《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག་(བཟོ་བཅོས་འཆར་ཟིན)》ལ་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ནས་ཐབས་འདོན་ཇུས་འདོན་གང་དྲག་བྱས་ཏེ་ཆབ་མདོའི་“རིམ་པ་གཉིས་”ཀྱི་སྲིད་གྲོས་ཨུ་ཡོན་གྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བསྟན་ཡོད།

