འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར། མཛོ་སྒང་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་ཤང(གྲོང་རྡལ)10ཡི་དྲིལ་བསྒྲགས་ཨུ་ཡོན་སྒྲིག་འཛུགས་བྱས་ནས་མཛོ་སྒང་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་གླད་དག་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ་ལྟ་སྦྱོང་སློབ་སྦྱོང་བྱེད་པར་བསྐྱོད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། སྒྲོག་འགྲེལ་པས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སུ་(སོའོ་དང་ས་ཚིགས)ཚད་ལྡན་ཅན་གྱི་འཛུགས་སྐྱོང་དང་།མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་གཏོད། དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ། ཁྱད་ལྡན་སྤུས་རྟགས་ཀྱི་རྣམ་གྲངས་གཏོད་པ། གཞི་རིམ་གྱི་སྤུས་ལེགས་ཐོན་ཁུངས་བསྡུ་སྒྲིལ་བཅས་ལ་འགོ་བཙུགས་ནས་འགྲེལ་བཤད་ཀྱི་ནང་དོན་རྫོང་ཡོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་ཁྲོད་སྣུར་སྲིང་བྱས་པ་དང་འབྲེལ་ཚང་མ་དང་ཕན་ཚུན་སྤེལ་རེས་ཀྱང་བྱས་པ་རེད།
ད་ཐེངས་ཀྱི་ས་གནས་ས་ཐོག་ཏུ་ལྟ་སྦྱོང་བྱས་པ་བརྒྱུད། ཤང་(གྲོང་རྡལ་)གི་དྲིལ་བསྒྲགས་ཨུ་ཡོན་ཚོར་མཛོ་སྒང་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་གྱི་ནང་དོན་གྱི་ཕན་འབྲས་དང་ནུས་པའི་དོན་སྙིང་ཚོར་ནས། གོམ་སྟབས་རྗེས་མའི་ལས་དོན་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

