འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་10ཚེས་24ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱིས་“རྒྱལ་ཡོངས་མི་དམངས་འཐུས་ཚོགས་བཙུགས་ནས་ལོ་70འཁོར་བ་དང་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་10འཁོར་བར་”རྟེན་འབྲེལ་ཞུ་བའི་གཏམ་བཤད་འགྲན་བསྡུར་སྤེལ་བ་རེད།
རང་གྲོང་ཁྱེར་གྱི་གྲོང་ཁྱེར་དང་། རྫོང་(ཆུས་)། ཤང་བཅས་རིམ་པ་གསུམ་གྱི་མི་དམངས་འཐུས་ཚོགས་ཁོངས་གཏོགས་ནས་ཡོང་བའི་ལས་བྱེད་ལས་བཟོ་དང་དེ་བཞིན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཅས་ཁྱོན་མི་མགོ་13མཉམ་དུ་འཛོམས་ནས་ཁོང་ཚོ་དང་མི་དམངས་འཐུས་མི་ཚོགས་ཆེན་དབར་གྱི་གཏམ་རྒྱུད་མཉམ་སྤྱོད་ཞུས་པ་རེད།
བདམས་ཐོན་པ་ཚོས་རང་སོ་སོའི་འགན་འཁྲི་བསྒྲུབས་ཚུལ་དང་། བསམ་བློ། ལས་དོན། འཚོ་བ་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཟུར་ཚད་མི་འདྲ་བ་དང་རིམ་པ་མི་འདྲ་བའི་ཐོག་ནས་བབ་ཆགས་པའི་སྐད་ཆ་དང་། ཟོལ་མེད་ཀྱི་བརྩེ་སེམས། དཔེ་མཚོན་གྱི་བྱས་རྗེས་བཅས་ཀྱི་ཐོག་ནས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་འགན་འཁྲི་འཁུར་ཕོད་པའི་བརྗེད་པར་དཀའ་བའི་ལོ་རྒྱུས་མཉམ་སྤྱོད་ཞུས་པ་རེད། ཆུ་ཚོད་གཉིས་འགྲན་བསྡུར་བྱས་པ་བརྒྱུད། མཐར་རི་བོ་ཆེ་རྫོང་གངས་གཟེ་ཤང་གི་བདམས་ཐོན་པ་དགའ་དོན་གྱིས་ཨང་དང་པོ་བླངས་པ་རེད།
ད་ཐེངས་ཀྱི་གཏམ་བཤད་འགྲན་བསྡུར་དེ་ནི་རང་གྲོང་ཁྱེར་དང་། རྫོང་(ཆུས་)ཤང་བཅས་རིམ་པ་གསུམ་གྱི་མི་དམངས་འཐུས་ཚོགས་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཉམས་འགྱུར་མངོན་སའི་སྟེགས་བུ་ཞིག་ཡིན་པ་མ་ཟད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ལ་འཛིན་པའི་མོས་སེམས་དང་སྤོབས་སེམས་ཆེ་རུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན།
གྲོང་ཁྱེར་གྱི་འགོ་ཁྲིད་པ་ཆི་ཡིང་ཧའེ་དང་། བློ་བཟང་ཡེ་ཤེས། ཡན་ཆི་ཁྲུའུ། བསོད་ནམས་དར་རྒྱས་བཅས་ཀྱིས་བྱ་དགའ་ཐོབ་མཁན་བདམས་ཐོན་པར་བྱ་དགའ་གནང་བ་རེད།

