国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年10月29日

ཆབ་མདོ་གྲོང་ཁྱེར་གྱིས“མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་རང་འགན་གཙང་སྒྲུབ་ཀྱི་ལེའུ་གསར་པ་བརྩམ་ས་”ཞེས་པའི་རིག་རྩལ་འཁྲབ་སྟོན་གཉེར་བ།

《ཁ་བཏགས་དུས་རབས་གསར་པར་འབུལ་》ཞེས་པའི་གླུ་ལེན་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་24ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་གྱི་ཇ་རྟའི་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ནས་འཁྲུག་ཆ་དོད་ཅིང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ཨུད་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་དང་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཞོགས་འདེགས་བྱས་ནས་གཉེར་བའི“མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་རང་འགན་གཙང་སྒྲུབ་ཀྱི་ལེའུ་གསར་པ་བརྩམས་”ཞེས་པའི་རིག་རྩལ་བྱེད་སྒོ་དེ་གར་གཟབ་རྒྱས་ངང་སྤེལ་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བ་དང་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་10འཁོར་བར་རྟེན་འབྲེལ་ཞུས་པ་རེད།

བྱེད་སྒོ་དེ་སྤྲོ་སྣང་ལྡན་པའི་འགོ་ཚུགས་ཞབས་བྲོ《པི་ཝང་གི་སྙན་དབྱངས་གྲགས་པ་》ཞེས་པའི་ཁྲོད་འགོ་ཚུགས་པ་དང་།འཁྲབ་སྟོན་པ་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་སྙན་འཇེབས་ལྡན་པའི་གར་སྟབས་དང་སྤྲོ་སེམས་འཁོལ་བའི་ཐོག་ནས་ས་གནས་ས་ཐོག་གི་ལྟད་མོ་བའི་སྤྲོ་སེམས་རབ་ཏུ་འཕེལ་བར་བྱས་པ་རེད། དེ་རྗེས་སུ་གླུ་གཞས《མི་ཚོགས་འདི་འདྲ་ཞིག་ཡོད་》ཅེས་པ་བརྩེ་དུང་ཟབ་མོས་བླངས་པ་དང་མི་སེམས་འགུལ་བའི་འགྱུར་ཁུག་དང་གཞས་ཚིག་གི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་དང་དམངས་ལ་ཞབས་འདེགས་ཞུ་བའི་བླ་ན་མེད་པའི་གཤིས་རྒྱུད་ལ་བསྟོད་གླུ་འབུལ་བས་ས་གནས་ས་ཐོག་གི་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་རེད། རྗེས་སུ་མི་རིགས་ཞབས་བྲོ《མི་རིགས་མཐུན་སྒྲིལ་ང་སྔོན་ལ་འགྲོ་》ཞེས་པ་དང《ཁ་བཏགས་དུས་རབས་གསར་པར་འབུལ》ཞེས་པ་སྔ་རྗེས་སུ་འཁྲབ་པ་རེད། འཁྲབ་སྟོན་པ་ཚོས་ལུས་ལ་གཟབ་མཆོར་སྤྲས་པའི་མི་རིགས་ཀྱི་རྒྱན་གོས་དང་མཛེས་སྡུག་ལྡན་པའི་ཞབས་བྲོའི་སྟངས་སྟབས་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་ཞི་མཐུན་གྱི་མངོན་པ་བྱས་ཏེ་དུས་རབས་གསར་པར་དགའ་ཞེན་དང་སྨོན་འདུན་མཚོན་པར་བྱས་པ་རེད། ས་གནས་ས་ཐོག་གི་ལྟད་མོ་བས་ཐལ་མོ་རྡེབ་སྒྲ་འབྲུག་སྐད་ལྡིར་བ་ལྟར་སྒྲོ་པ། འཁྲབ་སྟོན་པ་ཚོའི་ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་དགའ་བསུ་ཆེན་པོ་ཐོབ་ཡོད།

བྱེད་སྒོའི་ཁྲོད། དགོད་བྲོའི་གཏམ《མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་ཀྱི་ཆེད་དུ་ཡིན》ཞེས་པ་དེ་དགོད་བྲོའོ་རྣམ་པའི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་གཞི་རིམ་དུ་བསྐྱོད་པ་དང་། དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ།དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་གླེང་བ་རེད། གཏམ་བརྗོད་ཟློས་གར་《གྲོས་འདོན་བརྡར་པ་》ཞེས་པའི་ནང་གསོན་ཉམས་དོད་ལ་སྤྲོ་སྣང་ལྡན་པའི་རྣམ་པའི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་ཐབས་དང་ཇུས་ཧུར་ཐག་འདོན་པ་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་གཟུགས་བརྙན་བཟང་པོ་མངོན་པ་བྱས་ནས་ལྟད་མོ་བ་ཚོས་དགའ་སྤྲོའི་རྣམ་པའི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་འགན་དང་འགན་འཁྲི་ཚོར་ཐུབ་པ་བྱས་ཡོད།